མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་ལས་དོན་བྱ་བའི་ཁོངས་གཏོགས་ཀྱི་སྡེ་ཁག་གསུམ་དང་མི་སྒེར་གསུམ་ལ་རྒྱལ་ཁབ་ཀྱི་གཟེངས་བསྟོད་ཐོབ།
2022.07.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་སྤེལ་བའི་རྒྱལ་ཡོངས་ལས་ཁུངས་ལས་དོན་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་།   མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་ལས་དོན་ཁོངས་གཏོགས་ཀྱི་སྡེ་ཁག་གསུམ་དང་མི་སྒེར་གསུམ་ལ་གཟེངས་བསྟོད་ཐོབ།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའུ་དང་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ལས་ཁུངས་ལས་དོན་ཞབས་ཞུ་ལྟེ་གནས།   ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའུ་ཞབས་ཞུ་འགན་སྲུང་ལྟེ་གནས་དང་པོ་བཅས་ཐུན་མོང་གསུམ་ལ་རྒྱལ་ཡོངས་ལས་ཁུངས་ལས་དོན་བྱ་བའི་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ་པ་དང་།   ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའུ་ཞབས་ཞུ་འགན་སྲུང་ལྟེ་གནས་གསུམ་པའི་ཀྲུའུ་རིན་གཞོན་པ་ཁྲིན་ལུའུ་ཝེ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལས་ཁུངས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི་འགན་ཁུར་མི་སྣ་ཝང་ཧྲིན་ཧུའུ་སོགས་བློ་མཐུན་གསུམ་ལ་རྒྱལ་ཡོངས་ལས་ཁུངས་ལས་དོན་བྱ་བའི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ།

ཉེ་བའི་ལོ་འགའི་རིང་ལ།    མཚོ་སྔོན་ཞིང་ཆེན་ལས་ཁུངས་ལས་དོན་བྱ་བས་ཐོག་མཐའ་བར་གསུམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་པ་དང་།    ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཚན་རིག་དོ་དམ་རྒྱུན་འཁྱོངས་བྱེད་པ།   ཁྲིམས་ལྟར་འགན་སྲུང་དང་སྤུས་ལེགས་ཞབས་ཞུ་བཅས་ལ་དམ་དུ་དམིགས་ཏེ་ཏང་སྲིད་ལས་ཁུངས་ནུས་ཡོད་དང་གོ་རིམ་ལྡན་པར་འཁོར་སྐྱོད་བྱེད་པར་འགན་སྲུང་བྱས།   ཞིང་ཆེན་ཡོངས་ཀྱི་ལས་ཁུངས་ལས་དོན་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་མི་སྣས་ལང་ལོང་གིས་བསྟན་དོན།    ཐེངས་འདིའི་གཟེངས་བསྟོད་ཚོགས་ཆེན་གོ་སྐབས་སུ་བྱེད་པ་དང་། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་མི་དཔེར་བྱེད་པ། སྔོན་ཐོན་ལ་སློབ་སྦྱོང་དང་དཔེ་མཚོན་ཚད་གཞིར་འཛིན་པ།    སྔར་ལས་དངོས་གཉེར་གྱི་སྤྱོད་ཚུལ་དང་ངར་ཤུགས་ལ་བརྟེན་ནས་ལས་ཁུངས་ལས་དོན་བྱ་བ་ལེགས་པོར་བསྒྲུབ་པ་དང་ལས་ཁུངས་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་ངེས་ཡིན་ཟེར།

                                                                                                ལྷ་མོ་ཚེ་རིང་གིས་བསྒྱུར།