མཚོ་སྔོན་གྱིས་ཕྱོགས་བདུན་ཐད་ནས་ནུབ་རྒྱུད་གསར་སྤེལ་ཆེན་པོའི་བྱ་བ་སྤེལ་རྒྱུ་རེད།
2022.07.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། རང་ཞིང་གིས་ཕྱོགས་བདུན་ཐད་ནས་ནུབ་རྒྱུད་གསར་སྤེལ་ཆེན་པོའི་བྱ་བ་སྤེལ་རྒྱུ་རེད།

ཉེ་ལམ། ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད་དེ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གི2022ལོའི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་བྱ་བའི་གཙོ་གནད་འགྲེམ་སྤེལ་བྱས། བྱ་བའི་གཙོ་གནད་ཐད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་དང་ཆ་ཚང་བྱེད་པ་དང་། སྲུང་སྐྱོབ་ཆེན་པོ་དང་སྒོ་འབྱེད་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་དམ་དུ་དམིགས་ནས། རང་ཞིང་གི2022ལོའི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་བྱ་བ་སྣ་ཚོགས་ཀྱི་སྤྱིའི་རེ་བ་ཕྱིར་བཏོན་པ་དང་། དེ་ཕྱོགས་བདུན་ཐད་ཀྱི་བྱེད་ཐབས་གལ་ཆེན་ཉེར་དྲུག་དང་འབྲེལ་བ་ཡོད།

ཕྱོགས་བདུན་ཐད་ཀྱི་བྱ་བའི་གཙོ་གནད་སོ་སོ་ནི། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་ཀྱི་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། གྲོང་གསེབ་དར་སྤེལ་ཁྱོན་ཡོངས་ནས་སྤེལ་བ་དང་། བཅོས་སྒྱུར་གསར་སྐྲུན་བྱེད་པ། རྨང་གཞིའི་སྒྲིག་ཆས་མྱུར་དུ་འཛུགས་སྐྲུན་བྱེད་པ། ཕྱི་ཕྱོགས་སྒོ་འབྱེད་བྱེད་ཤུགས་ཆེར་བསྐྱེད་པ། དམངས་ཚིས་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་རེད།

ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། ས་གནས་སོ་སོ་དང་སྡེ་ཁག་སོ་སོར་མཐུན་སྦྱོར་གཅིག་འདོམས་བྱེད་པ་དང་། ལོ་ཧྲིལ་བོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་ལས་འགན་སྣ་ཚོགས་ལ་དམ་དུ་དམིགས་ནས། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། སྡེ་ཁག་གི་མཉམ་འབྲེལ་ཇེ་དྲག་ཏུ་གཏོང་བ། ལྟ་ཞིབ་ཞིབ་བཤེར་ལ་ཤུགས་སྣོན་པ། དྲིལ་སྒྲོག་སྣེ་ཁྲིད་གཏིང་ཟབ་བྱས་ཏེ། བྱེད་ཐབས་གཙོ་བོ་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པར་ཁག་ཐེག་བྱེད་པ་དང་། ནུབ་རྒྱུད་གསར་སྤེལ་ཆེན་པོའི་ཐད་ནས་གྲུབ་འབྲས་གསར་བ་ལེན་ཐུབ་པར་བྱས་ཏེ། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།