མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་པའི་གསོ་སྦྱོང་འཛིན་གྲྭ་བསྡུས།
2022.07.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བདུན་པའི་ཚེས་ལྔ་ཉིན་ནས་ཚེས་བདུན་ཉིན་བར། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟི་ལིང་དུ་ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་པའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་མ་ཟད། 2022ལོར་གསར་དུ་འཛུགས་སྐྲུན་བྱས་པའི་ཞིང་ཆེན་རིམ་པའི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ལྟེ་གནས་བཞི་བཅུ་ལ་སྒོ་བྱང་བཀལ།

ཐེངས་འདིའི་གསོ་སྦྱོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོའི་ལོ་ལྔའི་འཆར་གཞི་ལག་བསྟར་བྱེད་པ་དང་ཆུ་ཚད་མཐོ་བའི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ཞབས་ཞུ་དཔུང་སྡེ་སྐོར་ཞིག་སྐྱེད་སྲིང་བྱེད་པ། རང་ཞིང་གི་ཁྱིམ་ཚང་སློབ་གསོའི་ལས་དོན་ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་དགོས་མཁོ་ལ་རྐང་བཙུགས་ནས། ཞི་ཅིན་ཕིང་གི་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་ལ་དོ་སྣང་བྱེད་པའི་སྐོར་གྱི་རྒྱས་བཤད་བསྡུས་བསྒྲིགས་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་བཅའ་ཁྲིམས་ལ་འགྲེལ་ཀློག་བྱས་ལ། ཁྱིམ་ཚང་སློབ་གསོའི་སྔོན་ཐོན་འདུ་ཤེས་དང་ཚན་རིག་བྱེད་ཐབས་དྲིལ་སྒྲོག་བྱས་པ་དང་ཁྱབ་གདལ་དུ་བཏང་། སློབ་སྦྱོང་ལ་ཞུགས་མཁན་ཚོས་རྗེས་ཕྱོགས་སུ་སྦྱངས་པ་གོ་ཆོད་པར་བྱེད་པ་དང་། དགེ་མཚན་འདོན་སྤེལ་བྱེད་པ། འགན་འཁྲི་ལག་བསྟར་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོའི་ལོ་ལྔའི་འཆར་འགོད་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཁྱིན་ཚང་གིས་སྔོན་ཐོན་གྱི་ཁྱིམ་ཚང་སློབ་གསོའི་འདུ་ཤེས་དང་ཤེས་བྱ་བརྒྱུད་སྒྲོག་བྱེད་པ། ཚན་རིག་དང་མཐུན་པའི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་དང་ཞབས་ཞུ་འདོན་སྤྲོད་བྱས་ནས། ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་འབྱུང་བར་རོགས་འདེགས་བྱེད་རྒྱུ་ཡིན་ཞེས་བསྟན།

རིན་ཆེན་མཚོས་བསྒྱུར།