རྩེ་ཁོག་རྫོང་བོད་ཀྱི་གཏམ་དཔེ་རྒྱུད་འཛིན་འཕེལ་རྒྱས་མཐུན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་རྩེ་ཁོག་རྫོང་དུ་བསྡུས།
2022.07.12 ཁུངས། ཀློག་གྲངས། 1425

གངས་ལྗོངས་མེ་ལོང་དྲ་བའི་གསར་འགོད་པ་ལྕགས་ཐར་ཚེ་རིང་གིས་བཀོད་པའི་གསར་འགྱུར།

ཟླ7པའི་ཚེས11ཉིན།  རྩེ་ཁོག་རྫོང་བོད་ཀྱི་གཏམ་དཔེ་རྒྱུད་འཛིན་འཕེལ་རྒྱས་མཐུན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་རྩེ་ཁོག་རྫོང་དུ་བསྡུས་ཤིང་།  འབྲེལ་ཡོད་མགོ་ཁྲིད་དང་གཏམ་དཔེ་རྒྱུད་འཛིན་པ། གཏམ་བཤད་པ་སོགས་མི་སྣ་ལྔ་བརྒྱ་ལྷག་མཛད་སྒོར་ཞུགས།

རྩེ་ཁོག་རྫོང་བོད་ཀྱི་གཏམ་དཔེ་རྒྱུད་འཛིན་འཕེལ་རྒྱས་མཐུན་ཚོགས་ནི་རྩེ་ཁོག་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་དང་རྫོང་རིག་གནས་ཅུའུ་ཡི་སྣེ་ཁྲིད་འོག་ཆོག་མཆན་ཐོབ་པའི་ཁྲིམས་མཐུན་གྱི་ཚོགས་པ་ཞིག་ཡིན་ལ། 2021ལོའི་ཟླ4པའི་ཚེས20ཉིན་དངོས་སུ་བཙུགས་ཤིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དགའ་བས་བསུ་བ་དང་། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་བདེ་ལེགས་ངང་འཚོགས་པའི་སྐབས་དང་བསྟུན་ནས་དབུ་འབྱེད་མཛད་སྒོ་སྤེལ་བ་རེད།

རྩེ་དྲུག་སྙིང་བདུན་གྱིས་མཐའ་ནས་སྐོར་ཞིང་རྩེ་ཆུ་རིང་མོ་གཡས་སུ་འཁྱིལ་བའི་རྩེ་གཞུང་རྩྭ་ཐང་གི་འབྲོག་སྡེ་ཆེན་པོ་བཅུ་ལ་གནའ་སྔ་མོའི་རིང་ནས་སྲིད་པ་གཏམ་གྱི་ཕ་ས་རུ་འབོད་ཅིང་།  ད་ལྟའི་ཆར་ཡང་ཁ་ལྕེ་གློག་དམར་འཁྱུག་འདྲའི་གཏམ་བཤད་པ་ཟམ་མ་ཆད་པར་བྱུང་དང་འབྱུང་བཞིན་ཡོད་པས།  རྩེ་ཁོག་རྫོང་བོད་ཀྱི་གཏམ་དཔེ་རྒྱུད་འཛིན་འཕེལ་རྒྱས་མཐུན་ཚོགས་བཙུགས་པ་འདིས་གོམ་གང་མདུན་སྤོས་ཀྱིས་ཀྲུང་ཧྭ་རིག་གནས་ཀྱི་ཆ་ཤས་སུ་གྱུར་བའི་བོད་ཀྱི་གཏམ་དཔེ་སྒྱུ་རྩལ་རྒྱུན་འཛིན་དང་སྔོག་འདོན། འཕེལ་རྒྱས་བཅས་ཀྱི་ཐད་ལ་དགེ་མཚན་ཆེན་པོ་བསྐྲུན་ཡོད།

རྒྱུས་ལོན་པ་ལྟར་ན།  མཐུན་ཚོགས་འདིས་གཏམ་དཔེ་སྒྱུ་རྩལ་ལ་བརྟེན་ནས་ཏང་གི་སྲིད་ཇུས་བཟང་པོ་དྲིལ་སྒྲོག་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། རྩེ་ཁོག་གསར་བ་འཛུགས་སྐྲུན་བྱེད་པར་རམ་འདེགས་ཞུ་རྒྱུ་ཡིན་ཞིང་། མུ་མཐུད་ནས་གཏམ་དཔེས་སྤྱི་ཚོགས་ལ་ཐོན་པའི་ནུས་པ་འདོན་སྤེལ་གང་ལེགས་དང་གཏམ་དཔེའི་རྒྱུན་འཛིན་པ་མང་པོ་གསོ་སྐྱོང་བྱས་ཏེ། ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུད་འཛིན་གཉིས་གཅིག་འདུས་ངང་སྤེལ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་རེད།

རྩེ་ཁོག་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་སངས་རྒྱས་མཁར་གྱིས་ཤིས་ཚིག་འབུལ་བཞིན་པ།

རྩེ་ཁོག་རྫོང་བོད་ཀྱི་གཏམ་དཔེ་རྒྱུད་འཛིན་འཕེལ་རྒྱས་མཐུན་ཚོགས་ཀྱི་བློ་འདོན་པ་རོང་བོ་ཚེ་དཔལ་གྱིས་གཏམ་བཤད་གནང་བཞིན་པ།

རྩེ་ཁོག་རྫོང་བོད་ཀྱི་གཏམ་དཔེ་རྒྱུད་འཛིན་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།

རྩེ་ཁོག་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་སངས་རྒྱས་མཁར་དང་རྩེ་ཁོག་རྫོང་གི་རྫོང་དཔོན་གཞོན་པ་གཡང་ལོ་གཉིས་ཀྱིས་ཚོགས་པའི་སྒོ་བྱང་གི་ཡོལ་རས་ལེན་བཞིན་པ།

ཚོགས་རའི་ཟུར་ཞིག

རིག་རྩལ་འཁྲབ་སྟོན།

རིག་རྩལ་འཁྲབ་སྟོན།

རིག་རྩལ་འཁྲབ་སྟོན།