སྐབས་གཉིས་པའི་ཞིང་ཆེན་ཡོངས་ཀྱི་གཞི་རིམ་བོད་སྨན་བདེ་འཕྲོད་ལག་རྩལ་ཁྱབ་གདལ་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ཧོང་ཀྲུང་ས་ཁུལ་དུ་བསྡུས།
2022.07.12 ཁུངས། ཀློག་གྲངས། 49

༼   གསར་འགོད་པ། སྐལ་བཟང་རྣམ་རྒྱལ། ༽  ཉིས་སྟོང་ཉེར་གཉིས་ལོའི་ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་གི་ཁྱད་ཆོས་དང་དགེ་མཚན་ནུས་པ་མཐོར་འདེགས་སུ་བཏང་ནས། གཞི་རིམ་འཕྲོད་བསྟེན་མི་སྣའི་ཆེད་ལས་ལག་རྩལ་ཇེ་མཐོར་གཏོང་ཆེད། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཏེ། སྐབས་གཉིས་པའི་ཞིང་ཆེན་ཡོངས་ཀྱི་གཞི་རིམ་བོད་སྨན་བདེ་འཕྲོད་ལག་རྩལ་ཁྱབ་གདལ་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ཧོང་ཀྲུང་ས་ཁུལ་དུ་བསྡུས་ཤིང་། གཞི་རིམ་བོད་སྨན་བདེ་འཕྲོད་ལག་རྩལ་མི་སྣ་ལྔ་བཅུ་ལྷག་གསོ་སྦྱོང་ལ་ཞུགས།

ཚོགས་ཚོགས་ཏུ་འབྲེལ་ཡོད་ཆེད་མཁས་མི་སྣ་མང་པོ་འཛོམས་ནས། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་བསྡུ་བའི་དམིགས་ཡུལ་དང་སྒྲིག་ལམ། སློབ་ཁྲིད་ཀྱི་བཀོད་སྒྲིག་སོགས་ཞིབ་ཏུ་བགྲོ་གླེང་བྱས་ཤིང་། ཆེད་མཁས་དགེ་རྒན་རྣམས་ཀྱིས་ཐེངས་འདིའི་གསོ་སྦྱོང་གི་ནང་དོན་གཙོ་བོ་མོ་ནད་ཀྱི་སྐོར་ནས་འཆད་ཁྲིད་བྱས་པས། ཞིང་ཆེན་ཡོངས་ཀྱི་ཁུལ་དང་རྫོང་སོ་སོ་ནས་ཡོང་པའི་གཞི་རིམ་སྨན་བཅོས་ལག་རྩལ་མི་སྣ་དག་ལ་བློ་སྐྱེད་ཆེན་པོ་ཐོབ།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ཉིན་ལྔའི་རིང་སྤེལ་ལ། གསོ་སྦྱོང་གི་བྱ་བ་དེས་གཞི་རིམ་སྨན་བཅོས་ལག་རྩལ་མི་སྣའི་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་ཞིང་། གཞི་རིམ་བུད་མེད་རྣམས་ཀྱི་རང་ཉིད་བདེ་སྲུང་གི་འདུ་ཤེས་མཐོར་འདེགས་སུ་བཏང་ཡོད་པ་མ་ཟད། གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་དགོངས་དོན་དོན་འཁྱོལ་བྱས་ནས། གཞི་རིམ་འཇོན་མི་དར་སྤེལ་བྱེད་པར་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཐོན་ཡོད།

ཞིང་ཆེན་བོད་སྨན་ཁང་གི་ཀྲུའུ་རིན་རིམ་པའི་མོ་ནད་ཆེད་མཁས་སྨན་པ་འཚོ་སྐྱིད་ཀྱིས་སློབ་ཁྲིད་བྱེད་ཀྱིན་པ། 


     ཞིང་ཆེན་བོད་སྨན་ཁང་གི་མོ་ནད་ཚན་ཁག་གི་ཀྲུའུ་རིན་འབྲུག་མཚོས་སློབ་ཁྲིད་བྱེད་ཀྱིན་པ། 

ཞི་།ཞིན་ཧེ་རྫོང་བོད་སྨན་ཁང་གི་སྨན་པ་བསོད་ནམས་མཚོས་འཆད་ཁྲིད་བྱེད་ཀྱིན་པ། 

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་པ་ལྕགས་མོ་ཚེ་རིང་གིས་འཆད་ཁྲིད་བྱེད་ཀྱིན་པ། 

མཚོ་ལྷོ་ཁུལ་བོད་སྨན་ཁང་གི་སྨན་པ་བསོད་ནམས་འཚོས་འཆད་ཁྲིད་བྱེད་ཀྱིན་པ། 

ཚོགས་ཞུགས་མི་སྣ་ཡོངས་ཀྱི་མཉམ་པར།