མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྐོར་ཞིབ་ས་ཁུལ་གྱི་མི་འདེམས་མི་བཀོལ་བྱ་བར་རྟོག་ཞིབ་བྱས།
2022.07.13 ཁུངས། ཀློག་གྲངས། 16

ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན།  མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་ཏང་ཨུའི་མི་འདེམས་མི་བཀོལ་ཆེད་དོན་སྐོར་ཞིབ་ཞིབ་བཤེར་ཐེངས་དང་པོའི་བཀོད་སྒྲིག་དང་གསབ་སྦྱོང་བཀོད་སྒྲིག་ལྟར།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཞིབ་བཤེར་ཚན་ཆུང་ལྔ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་རྫོང་དང་རྨ་སྟོད་རྫོང་། པད་མ་རྫོང་། གཅིག་སྒྲིལ་རྫོང་། དགའ་བདེ་རྫོང་། དར་ལག་རྫོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩེ་ཁོག་རྫོང་དང་ཧི་ནན་རྫོང་བཅས་ས་ཁུལ་དགུ་རུ་སོང་ནས་མི་འདེམས་མི་བཀོལ་ཆེད་དོན་ཞིབ་བཤེར་བྱས།

ཞིབ་བཤེར་ཚན་ཆུང་གིས་ལས་བྱེད་པ་གདམ་གསེས་བྱ་བའི་ལྟ་སྐུལ་ཞིབ་བཤེར་དང་འོས་འགན་རྩད་གཅོད་བྱེད་ཐབས། མི་འདེམས་མི་བཀོལ་ཆེད་དོན་ཞིབ་བཤེར་བྱ་བའི་ཇུས་གཞི་སོགས་དང་འབྲེལ་ཏེ་ཞིབ་བཤེར་ས་ཁུལ་གྱི་སྐོར་སྔོན་མའི་ཞིབ་བཤེར་བྱས་པའི་མི་འདེམས་མི་བཀོལ་བྱ་བ་དང་ལས་བྱེད་པའི་ཁག་ཁུར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཐེངས་འདིས་ཞིབ་བཤེར་གྱིས་གནས་ཚུལ་སྙན་ཞུ་དང་མི་སྒེར་ཁ་བརྡ། ཡིག་ཚགས་རྒྱུ་ཆ་ཀློག་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་ས་ཁུལ་གྱི་ཏང་ཨུའི་མི་འདེམས་མི་བཀོལ་གྱི་འགན་འཁྲི་དང་རྒྱུ་སྤུས། ཡང་དག་པའི་མི་བཀོལ་གྱི་ཁ་ཕྱོགས་འཛུགས་པ། ལས་བྱེད་པའི་འདེམས་བསྐོའི་སྲིད་ཇུས་དང་སྒྲིག་ལམ་སོགས་གཙོ་གནད་ལ་བཟུང་སྟེ་ཞིབ་བཤེར་བྱས།