
ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན། གསར་འགོད་པས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བཟོ་ཚོགས་བྱ་བའི་ཨུ་ཡོན་ལྷན་ཁང་ནས་ཤེས་པའི་གནས་ཚུལ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་པ་དང་། ཧུར་ཐག་སྒོས་སྲིད་གཞུང་ལས་ཁུངས་དང་གཞོགས་འདེགས་བྱས་ཏེ་འཛད་སྤྱོད་ཚོང་ར་མྱུར་དུ་བསྐྱར་དར་བྱེད་པར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་སྔ་སྣུར་གཅིག་བསྡུས་སྒོས་དུས་ཆེན་གྱི་འཚམས་འདྲིའི་མ་དངུལ་སྟེར་བའི་སྐོར་གྱི་བརྡ་ཐོའི་རེ་བ་ལྟར། ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་དང་སྡེ་ཁག་སོ་སོའི་བཟོ་ཚོགས་ཀྱིས་སྔ་སྣུར་གཅིག་བསྡུས་སྒོས་དུས་ཆེན་གྱི་འཚམས་འདྲིའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་བྱིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་ཧུར་ཐག་སྒོས་འཛད་སྤྱོད་བྱེད་པ་དང་ཚོང་ར་དར་རྒྱས་སུ་གཏོང་བར་སྐུལ་སློང་བྱས་པ་དང་། ལས་ཐོན་སླར་གསོ་བྱེད་པར་རོགས་འདེགས་བྱས། བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་བཟོ་ཚོགས་ཀྱིས་འཛད་སྤྱོད་བྱང་བུ་སྟེར་བའི་རྣམ་པ་ལ་བརྟེན་ནས། བསྡོམས་པས་འཛད་སྤྱོད་བྱང་བུ་མི་ཐེངས་ཁྲི་གཅིག་དང་སྟོང་བཞི་ལྔ་བརྒྱ་དང་སོ་དྲུག་ལ་བྱིན་པ་དང་། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་ལྷག་བྱིན།
བཀྲ་ཤིས་འབུམ་གྱིས་བསྒྱུར།