མཚོ་ནུབ་ཁུལ་གྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་བསྒྲུབས།
2022.07.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གསུམ་པར་ཞུགས་པའི་གྲ་སྒྲིག་བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་བསྒྲུབ་བཞིན་ཡོད། མིག་སྔའི་བར་དུ། མཚོ་ནུབ་ཁུལ་གྱིས་བསྡོམས་པས་ལས་གཞི་ཞེ་ལྔ་བསྡུ་རུབ་ལེགས་འདེམས་བྱས་ནས་གྲོས་མཐུན་འགོད་རྩིས་ཡོད་པ་དང་། མ་དངུལ་སྒོར་ཐེར་ཆེན་གསུམ་དང་དུང་ཕྱུར་གཉིས་བྱེ་བ་བཞི་ཡིན་ལ། དམིགས་འབེན་ལས་འགན་བརྒྱ་ཆའི་བརྒྱ་དང་གྲངས་ཆུང་ལྔ་ཡོངས་འགྲུབ་བྱས་པ་དང་། གྲོས་མཐུན་འགོད་རྩིས་ཡོད་པའི་ལས་གཞིའི་ཁྲོད་ཚྭ་མཚོ་རྫས་འགྱུར་བཟོ་ལས་དང་རྒྱུ་ཆས་གསར་བ། གོ་མཚོན་བཟོ་སྐྲུན། ལྕགས་རིགས་བཙོ་སྦྱང་། ཁྱད་ལྡན་ཞིང་ཕྱུགས་སོགས་ཐོན་ལས་འདུ།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་དང་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྤྱི་ཁོག་གི་ཇུས་གཞི། རྩ་འཛུགས་ཇུས་གཞིའི་བཀོད་སྒྲིག་ལྟར། མཚོ་ནུབ་ཁུལ་གྱི་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་སྟོབས་ཤུགས་ཡོད་རྒུས་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་པའི་སྔོན་འགྲོ་འོག དུས་རིམ་གཙོ་བོ་དང་གནད་འགག་དུས་རིམ་གཙིགས་འཛིན་བྱས་པ་དང་། རིམས་ནད་འགོག་སྡོམ་གྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ལ། འགོག་སྡོམ་གྱི་རེ་བ་སྣ་ཚོགས་ལག་བསྟར་བཟང་བོ་བྱས་པ་དང་། དུས་ཐོག་ཏུ་ཉེན་པ་མེད་པར་བྱས་ཏེ། རིམས་ནད་འགོག་སྡོམ་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱས།

རིན་ཆེན་མཚོས་བསྒྱུར།