མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཞིང་སྡེའི་གཞི་རིམ་ཞབས་ཞུ་འགུལ་སྐྱོད་ཐད་ནས་ཐོག་མའི་གྲུབ་འབྲས་བླངས།
2022.07.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ད་ལོའི་ཟླ་གསུམ་པའི་ནང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་གཞི་རིམ་ཞབས་ཞུ་འགུལ་སྐྱོད་སྤེལ་བའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེ་ལས་ཁུངས་ཀྱི་འབྲེལ་འདྲིས་གྲོང་ཁྱེར་དང་རྫོང་གི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བརྒྱད་དང་། འགན་ལེན་འབྲེལ་འདྲིས་ས་ཁུལ་གྱི་ཚན་རྩལ་ཞབས་ཞུ་ཚན་ཆུང་བཞི་བཅུ། ཆེད་ཞུ་ཆེད་མཁས་པའི་དཔུང་སྡེ་བཅུ་གཉིས་བཅས། གྲོང་ཁྱེར་དང་ཁུལ་དང་གཞི་རིམ་གྱི་རྫོང་དང་ཡུལ་ཚོ་བརྒྱད་ལ་སོང་ནས་ཞིང་ལས་ལག་རྩལ་ཞབས་ཞུ་རོགས་སྐྱོར་སྤེལ་ནས། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་ཁྱབ་གདལ་གྱི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་དཀའ་ཁག་ཐག་བཅད་པ་དང་། གཞི་རིམ་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་གསོན་ཤུགས་ཆེར་སྐྱེད་ལ། དུས་ཐོག་ཏུ་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དཀའ་ཁག་ཐག་བཅད་དེ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེའི་གཞི་རིམ་ཞབས་ཞུ་འགུལ་སྐྱོད་ཐད་ནས་ཐོག་མའི་གྲུབ་འབྲས་བླངས།

རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དུ། གཞི་རིམ་ཞབས་ཞུ་འགུལ་སྐྱོད་ཐད་ནས་སྔོན་ཐོན་སྤྱོད་བདེ་ལག་རྩལ་སྣ་ལྔ་བསྡུ་རུབ་བྱས་པ་དང་། སྣ་བཞི་ཁྱབ་གདལ་བྱས་ལ། སྐྱེ་ལྡན་ལུད་རྫས་ཏུན་ཁྲི་སོ་གསུམ་ཡན་ཉོ་སྒྲུབ་བྱས་པ་དང་། རིགས་མི་འདྲ་བའི་ལོ་ཏོག་གི་ས་བོན་སྤྱི་རྒྱ་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་གཅིག་ཁྲི་བཞི་སྟོང་དྲུག་བརྒྱད་བརྒྱ་ཉར་གསོག་བྱས། དེ་དང་མཉམ་དུ། རིགས་མི་འདྲ་བའི་རྒྱུ་སྤུས་མཐོ་བའི་རོང་འབྲོག་མང་ཚོགས་ཁྲི་གཅིག་དང་སྟོང་གཉིས་སུམ་བརྒྱ་དང་དགུ་ལ་གསོ་སྦྱོང་བྱས་པ་དང་། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཕྱོགས་ཀྱི་གནད་དོན་སྟོང་གཅིག་དང་ལྔ་བརྒྱ་ལྷག་ཐག་བཅད་དེ། རང་ཞིང་གིས་ཞིང་ལས་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་། ཞིང་གསུམ་གྱི་གཞི་རྩ་བརྟན་སྲུང་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས།

རིན་ཆེན་མཚོས་བསྒྱུར།