མཚོ་སྔོན་ཞིང་ཆེན་གྱིས་ནགས་རྩྭའི་གནོད་སྐྱེལ་སྐྱེ་དངོས་འགོག་སྡོམ་བཀོད་འདོམས་པུའུ་བཙུགས།
2022.07.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཉེ་ལམ། གསར་འགོད་པས་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་ནས་ཤེས་པའི་གནས་ཚུལ་ལྟར་ན། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་ནགས་རྩྭའི་གནོད་སྐྱེལ་སྐྱེ་དངོས་འགོག་སྡོམ་བཀོད་འདོམས་པུའུ་འཛུགས་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། ལས་བགོས་འགན་གཉེར་གྱི་ཧྲིན་ཀྲང་གཞོན་པས་བཀོད་འདོམས་དཔོན་པོའི་འགན་འཁུར་བ་དང་། ཞིང་ཆེན་སྲིད་གཞུང་གི་ལས་བགོས་འགན་གཉེར་གྱི་དྲུང་ཡིག་ཆེན་མོ་གཞོན་པ་དང་ཞིང་ཆེན་ནགས་རྩྭ་ཅུའུ་ཡི་ཅུའུ་ཀྲང་གིས་བཀོད་འདོམས་དཔོན་པོ་གཞོན་པའི་འགན་འཁུར་བ། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་སོགས་ཁོངས་གཏོགས་ལས་ཁུངས་ཉེར་ལྔས་གྲུབ་པའི་མཚོ་སྔོན་ཞིང་ཆེན་གྱི་ནགས་རྩྭའི་གནོད་སྐྱེལ་སྐྱེ་དངོས་འགོག་སྡོམ་བཀོད་འདོམས་པུའུ་བཙུགས་པ་དང་། དེ་ལས་རང་ཞིང་གིས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། ལས་ཁུངས་སོ་སོས་རོགས་ལས་བྱེད་པའི་ནགས་རྩྭའི་གནོད་སྐྱེལ་སྐྱེ་དངོས་འགོག་སྡོམ་བྱ་བའི་རྐྱེན་སྲོལ་སྔར་ལས་ཆ་ཚང་དུ་གཏོང་བ་དང་། ཁྱོན་ཡོངས་དང་རིམ་པ་མང་པོ་རུ་ཕྱི་ནས་ཡོང་བའི་གནོད་སྐྱེལ་སྐྱེ་དངོས་བཀག་འགོག་བྱེད་པའི་འགོག་སྡོམ་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་མཚོན་པར་བྱས་ཡོད།

རང་ཞིང་གིས་ནགས་རྩྭའི་གནོད་སྐྱེལ་སྐྱེ་དངོས་འགོག་སྡོམ་བཀོད་འདོམས་པུའུ་བཙུགས་པ་དེས་ཞིང་ཆེན་ཡོངས་ཀྱི་ནགས་རྩྭའི་གནོད་སྐྱེལ་སྐྱེ་དངོས་འགོག་སྡོམ་ལ་སྔར་ལས་ཤུགས་སྣོན་པར་སྟོབས་དང་ལྡན་པའི་རྩ་འཛུགས་འགན་སྲུང་འདོན་སྤྲོད་བྱས་པ་དང་། ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་བཀོད་འདོམས་པུའུ་ཡི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། སྲིད་གཞུང་གིས་གཅིག་གྱུར་འགོ་ཁྲིད་དང་མཐུན་སྦྱོར་བྱས་འོག སྡེ་ཁག་བར་གྱི་མཉམ་འབྲེལ་ལ་ཤུགས་སྣོན་པ་དང་ཁུལ་ཁུངས་བར་གྱི་རོགས་ལས་འགོག་བཅོས་དང་མཉམ་དུ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། བྱ་བའི་ལམ་ལུགས་དང་བྱེད་ཐབས་འཛུགས་པ་དང་ཆ་ཚང་དུ་གཏོང་བ། འགན་འཁྲི་དངོས་འབེབས་གང་ལེགས་བྱེད་པ། ཉེན་ཁ་ཁྱད་སེལ་བྱེད་པ་དང་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡ་བརྒྱག་པའི་མ་ལག་འཐུས་ཚང་དུ་གཏོང་བ། གནོད་འགོག་རྒུད་སྐྱོབ་ནུས་པ་མཐོར་འདེགས་སུ་གཏོང་བར་མ་ཟད། ཕྱི་རུ་ཡོང་བའི་ནགས་རྩྭའི་གནོད་སྐྱེལ་སྐྱེ་དངོས་ཁྱོན་ཡོངས་ནས་བཀག་འགོག་བྱེད་པ་དང་། ས་གནས་རང་གི་ནགས་རྩྭའི་གནོད་སྐྱེལ་སྐྱེ་དངོས་འབྱུང་བ་གཏན་འགོག་བྱས་ནས། རང་ཞིང་གི་ནགས་རྩྭ་སྐྱེ་དངོས་ཀྱི་བདེ་འཇགས་འགོག་ར་སྲ་བརྟན་དུ་གཏོང་ངེས་རེད།

                                                                                                        བཀྲ་ཤིས་འབུམ་གྱིས་བསྒྱུར།