ཁྲིམས་སྐྱོང་སློབ་གསོ་དང་རོགས་སྐྱོར་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་པའི་སྒོ་བྱང་བཀལ།
2022.07.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བདུན་པའི་ཚེས་བཅུ་བདུན་ཉིན། ཁྲིམས་སྐྱོང་སློབ་གསོ་དང་རོགས་སྐྱོར་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་པའི་སྒོ་བྱང་འགེལ་བའི་མཛད་སྒོ་ཟི་ལིང་དུ་བསྡུས།

རྒྱུས་ལོན་བྱུང་བ་ལྟར་ན། ཁྲིམས་སྐྱོང་སློབ་གསོ་དང་རོགས་སྐྱོར་ཨུ་ཡོན་ལྷན་ཁང2021ལོའི་ཟླ་དང་པོར་བཙུགས་པ་དང་། ཧྭ་ཞ་རིག་གནས་སྐུལ་སྤེལ་ཚོགས་པའི་ཁོངས་གཏོགས་ལས་ཁུངས་ཡིན། མཚོ་སྔོན་སྒྲོག་འགྲེལ་ཚོགས་པས་ས་གནས་ཁྲིམས་སྐྱོང་འཛུགས་སྐྲུན་དང་དཔལ་འབྱོར་འཛུགས་སྐྲུན་ཐད་ཞབས་འདེགས་ཞུ་རྒྱུ་ཡིན་པ་དང་། སྒྲོག་འགྲེལ་དང་བཅའ་ཁྲིམས་ཁྱབ་གདལ་བྱ་བ་བཟང་བོར་བསྒྲུབ་ནས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་སྣ་ཚོགས་དྲིལ་སྒྲོག་དང་སྒྲོག་འགྲེལ་བྱེད་རྒྱུ་ཡིན་པ་དང་། འགུག་ཤུགས་ཆེ་བའི་ཁྲིམས་སྐྱོང་སློབ་གསོ་སྒྲོག་འགྲེལ་བྱ་འགུལ་སྣ་ཚོགས་སྤེལ་བ་བརྒྱུད་དེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་རྒྱུ་རེད།

སྒྲོག་འགྲེལ་ཚོགས་པའི་འགན་ཁུར་མི་སྣས་བསྟན་དོན། བཅའ་ཁྲིམས་སོགས་ཕྱོགས་ཀྱི་ཆེད་མཁས་པ་དང་རིག་གནས་པ་རྩ་འཛུགས་བྱས་ནས། དགོས་མཁོ་ཡོད་པའི་མི་སྣའི་དོགས་གནད་སེལ་བ་དང་བློ་འདྲི་ཞབས་ཞུ་་དང་བཅའ་ཁྲིམས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་མ་ཟད། འབྲེལ་ཡོད་གསོ་སྦྱོང་དང་བགྲོ་གླེང་། གླེང་སྟེགས་བསྡུ་བ་དང་། དཔེ་དེབ་དཔྱད་གཞི་རྩོམ་སྒྲིག་པར་སྐྲུན་བྱེད་པ་དང་ཡིག་གཟུགས་འགྲན་བསྡུར། འཁྲབ་བཤད་འགྲན་བསྡུར་དང་སྙན་ངག་གྱེར་འདོན། བཅའ་ཁྲིམས་རོགས་སྐྱོར། གློག་བརྙན་སྟོན་པ་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།

རིན་ཆེན་མཚོས་བསྒྱུར།