ཚད་ལྡན་ཅན་གྱི་འཕེལ་རྒྱས་ཀྱིས་མཚོ་སྔོན་གྱི་གནས་བཞི་འཛུགས་སྐྲུན་ལ་རོགས་འདེགས་བྱས།
2022.07.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

མིག་སྔར།   མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་དང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན།  ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན།   ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན།   ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་བཅས་ཀྱིས་མཉམ་དུ་མཚོ་སྔོན་པོའི་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་གྱི་ལག་ལེན་སློབ་ཁྲིད་འཛུགས་པ་དང་ཞབས་ཞུའི་ཚད་ལྡན་ཅན་གྱི་ཚོད་ལྟ་བྱེད་ས་སོགས་ལས་གཞི་དྲུག་ཉིས་སྟོང་ཉེར་གཉིས་ལོའི་ཞབས་ཞུའི་གནས་བཞི་འཛུགས་སྐྲུན་གྱི་ཞིང་ཆེན་རིམ་པའི་ཚད་ལྡན་ཅན་གྱི་ཚོད་ལྟ་བྱེད་ས་རུ་གཏན་འཁེལ་བྱས།   ཚོད་ལྟའི་ལས་གཞི་དེ་སྐྱེ་ཁམས་ཡུལ་སྐོར་དང་ལྗང་མདོག་ཞིང་ལས།   ལྗང་མདོག་ཐཱན་ཉུང་འགྲིམ་འགྲུལ་སོགས་ཁྱབ་ཁོངས་དང་འབྲེལ་ཡོད་ལ།  འཛུགས་སྐྲུན་དུས་ཡུན་ནི་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བདུན་པ་ནས་ཉིས་སྟོང་ཉེར་བཞི་ལོའི་ཟླ་བདུན་པའི་བར་རེད།

ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་རང་གི་ལས་གནས་ལ་རྐང་བཙུགས་ཏེ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་སོགས་ལས་རིགས་གཙོ་གཉེར་སྡེ་ཁག་དང་མཉམ་དུ་ཚད་ལྡན་ཅན་གྱི་ཚོད་ལྟ་བྱེད་ས་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བ་དང་།   ལས་གཞི་འགན་སྒྲུབ་སྡེ་ཁག་གིས་རིགས་སོ་སོའི་ལས་འགན་གོ་རིམ་ལྡན་པའི་ངང་ཡོངས་འགྲུབ་བྱེད་པར་ཁྲིད་སྟོན་བྱེད་པ།    ཚད་ལྡན་ཅན་གྱི་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཞབས་ཞུའི་གནས་བཞིའི་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མགྱོགས་མྱུར་ངང་ཚད་ལྡན་ལག་རྩལ་ཞིབ་འཇུག་དང་གསར་བཟོ་བྱེད་པ། ལག་རྩལ་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བ་དང་ཚད་ལྡན་ལག་བསྟར་ཇེ་དྲག་ཏུ་གཏོང་བ།  ཚོད་ལྟའི་ལས་གཞིའི་དོ་དམ་དང་ཞབས་ཞུར་ཤུགས་སྣོན་པ་དང་ལས་གཞིའི་སྡེ་ཁག་གིས་ཚོད་ལྟ་བརྒྱུད་དེ་ཚད་ལྡན་ཅན་གྱི་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ། ཚོད་ལྟའི་ལས་གཞི་བདེ་བླག་ངང་སྤེལ་བ་དང་ཕན་ནུས་ཐོབ་པར་འགན་སྲུང་བྱེད་པ། གསོ་སྦྱོང་དང་འདྲི་རྟོག་ཞབས་ཞུ།  བཞུགས་མོལ་ཚོགས་འདུ་སོགས་ཀྱི་བྱེད་ཐབས་མང་པོ་བརྒྱུད་དེ་མི་ཡོངས་ཀྱི་ཚད་ལྡན་ཅན་གྱི་འདུ་ཤེས་ཇེ་མཐོར་གཏོང་བ་དང་ཕུལ་བྱུང་འཇོན་མི་གསོ་སྐྱོང་བྱེད་རྒྱུ་རེད།  ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལས་རིགས་གཙོ་གཉེར་སྡེ་ཁག་དང་མཉམ་དུ་ཚད་ལྡན་ཅན་གྱི་ཚད་ལྟའི་མཛུབ་སྟོན་ཤུགས་ཚད་ཆེ་རུ་གཏོང་བ་དང་།   ཚད་ལྡན་གྱི་ཚོད་ལྟ་ལས་གཞི་འཛུགས་སྐྲུན་སྡེ་ཁག་གིས་ཚད་ལྡན་ཅན་གྱི་བྱེད་ཐབས་སྤྱོད་པར་སྐུལ་འདེད་གཏོང་བ།  ཁྱབ་གདལ་དུ་བཏང་ཆོག་པ་དང་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་བྱེད་ཐབས་འཚོལ་ཞིབ་བྱེད་པ་སོགས་བྱས་ཏེ་ཞབས་ཞུའི་གནས་བཞི་འཛུགས་སྐྲུན་གྱི་ཚད་ལྡན་ཅན་གྱི་ཚོད་ལྟ་བྱ་བར་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།

                                                                                                               ལྷ་མོ་ཚེ་རིང་གིས་བསྒྱུར།