མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་བྱ་བ་བརྟན་བརླིང་ངང་སྤེལ།
2022.07.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཞིང་ཆེན་ཡོངས་ཀྱི་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་འགུལ་སྐྱོད་སྤེལ་བའི་ཚུན་དུ། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྣེ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། བསྒྲུབ་པ་གསུམ་གྱི་ནུས་པ་དང་ཞབས་ཞུ་གསུམ་གྱི་ཆུ་ཚད་མཐོར་འདེགས་གཏོང་བར་རྐང་བཙུགས་ཤིང་། གཟབ་ནན་སྔོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། གཏིང་ཟབ་ཏུ་སྤེལ་བའི་ཐད་ཤུགས་འདོན་པ་རྒྱུན་འཁྱོངས་བྱས་ཏེ། ལངས་གནས་མཐོ་བ་དང་སྤུས་ཚད་མཐོ་བ། སྤུས་ཚད་མཐོ་བའི་ངང་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་བྱེད་པའི་བྱ་བ་སྣ་ཚོགས་་གཏིང་ཟབ་ཏུ་སྤེལ།

ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་བྱ་བའི་ཕན་ནུས་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ཇུས་གཞི་གཏན་འབེབས་དང་འགྲེམ་སྤེལ་བྱས་ནས། ཕྱོགས་བཞིའི་ཐད་ཀྱི་གཙོ་གནད་ལས་འགན་བཅུ་གཉིས་གཏན་ཁེལ་བྱས་པ་དང་། གསལ་ཕྲ་དང་རྩིའ་ཐོའི་དོ་དམ་མ་དཔེ་འཐུས་ཚང་དུ་བཏང་ལ། འགོ་ཁྲིད་ཀྱི་འགན་འཁྲི་མ་ལག་བཙུགས། ཏང་རྩ་འཛུགས་སོ་སོས་སྤྱོད་ཚུལ་འཛུགས་སྐྲུན་བྱ་བའི་ལས་འགན་གཙོ་བོ་དང་བྱ་བ་གཙོ་བོ། དུས་རིམ་དབྱེ་འབྱེད་བཅས་ལ་ཟུང་འབྲེལ་བྱས་ནས་ཇུས་གཞི་གཏན་འབེབས་བྱས་པ་དང་། ལག་བསྟར་ཇེ་ཞིབ་ཏུ་བཏང་སྟེ། སྤྱོད་ཚུལ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱས།

སྤྱོད་ཚུལ་འཛུགས་སྐྲུན་ཁྲོད་ཀྱི་ཞན་ཆར་དོ་སྣང་བྱས་པ་དང་། ཏང་ཙུའུ་ལྟེ་གནས་ཚན་ཆུང་གི་གཞུང་ལུགས་སློབ་སྦྱོང་དང་ཁྲུའུ་རིམ་པའི་ལས་བྱེད་པའི་དཔེ་ཀློག་འཛིན་གྲྭ གཟའ་པ་སངས་ཉིན་གྱི་འཆད་སྟེགས་ཆེན་པོ་སོགས་བྱ་འགུལ་བརྒྱུད་དེ། གཞུང་ལུགས་སློབ་སྦྱོང་སྤེལ་བ་དང་། ལོ་ཧྲིལ་བོའི་བྱ་བའི་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པར་ཟུང་འབྲེལ་བྱེད་པ། རང་སྟེང་གི་ཉམས་ཞན་ཆ་དང་ཞན་ཆ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ། ཏང་ཡོན་ལས་བྱེད་པས་དཔའ་སྐྱེད་མདུན་སྐྱོད་དང་ཁག་ཁུར་འབད་འཐབ་བྱེད་པར་སྣེ་ཁྲིད་བྱེད་པ་བཅས་བྱས་ནས། གོང་འོག་གཅིག་སེམས་ཀྱིས་ལས་གཉེར་ལས་སྐྲུན་བྱེད་པའི་སྣང་ཚུལ་བཟང་བོ་གྲུབ་པར་་སྐུལ་འདེད་བཏང་།

སྤྱོད་ཚུལ་བསྒྱུར་བ་དང་ཕན་ནུས་མཐོར་འདེགས་གཏོང་བ། གཞི་རིམ་ལ་ཞབས་འདེགས་ཞུ་བ། རྩེ་གྲས་བརྩོན་ལེན་བྱེད་པའི་བརྗོད་དོན་གཙིགས་འཛིན་བྱས་པ་དང་། འདུ་ཤེས་གསར་གཏོད་དང་རྐྱེན་སྲོལ་ལེགས་བསྒྱུར་བྱེད་པའི་བགྲོ་གླེང་ཆེན་པོ་སོགས་བྱ་འགུལ་སྤེལ་ལ། རྩོམ་སྲོལ་དང་ཚོགས་སྲོལ་དང་འབུར་ཐོན་གནད་དོན་ཡོ་བསྲང་བཅོས་སྐྱོང་བྱས་ཏེ། ཇུས་འདོན་སྲིད་འཛིན་ལ་ཞོར་འདེགས་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་། ཚད་གཞི་སྔར་ལས་མཐོ་བ་དང་རེ་བ་སྔར་ལས་ནན་མོ། བྱེད་ཐབས་སྔར་ལས་བཟང་བོས་ཐིན་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་འགུལ་སྐྱོད་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱས།

རིན་ཆེན་མཚོས་བསྒྱུར།