མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས2022ལོར་ལས་བྱེད་མི་སྣ་བསྡུ་བའི་སྤྱི་སྒྲོག
2022.07.20 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 270

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི2022ལོའི་ཞིང་ཆེན་ཡོངས་ཀྱི་ལས་དོན་སྡེ་ཁག་གི་མི་སྣ་བསྡུ་ལེན་བྱ་བའི་ཇུས་གཞི་པར་འགྲེམ་བྱེད་པའི་སྐོར་གྱི་བརྡ་ཐོ་དང་མཚོ་སྔོན་ཞིང་ཆེན་ལས་དོན་སྡེ་ཁག་གིས་ལས་བྱེད་མི་སྣ་བསྡུ་བའི་བྱེད་ཐབས། 2022ལོའི་ཞིང་ཆེན་ཐད་གཏོགས་ལས་དོན་ལས་ཁུངས་ཀྱི་གདན་ཞུ་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ། 2022ལོའི་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་དོན་སྡེ་ཁག་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་བྱེད་མི་སྣ་བསྡུ་བའི་སྤྱི་སྒྲོག་བཅས་ཀྱི་དགོངས་དོན་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་རང་རེའི་ལས་ཁུངས་ཀྱི་དཔྱད་ཞིབ་གདན་ཞུ་བྱ་བའི་ལག་བསྟར་ཇུས་གཞིར་དཔྱད་ཞིབ་ཆོག་མཆན་བཀོད་པ་ལྟར། ད་ལྟ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་བྱེད་མི་སྣ་བསྡུ་ལེན་བྱེད་པའི་འབྲེལ་ཡོད་གནས་ཚུལ་གྱི་སྤྱི་སྒྲོག་སྤེལ་བ་གཤམ་གསལ་ལྟར། 

གཅིག དཔྱད་ཞིབ་གདན་ཞུའི་རྩ་དོན།

དཔྱད་ཞིབ་གདན་ཞུ་ལས་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་བཀོལ་བའི་ཚད་གཞི་རྒྱུན་འཁྱོངས་བྱེད་པ་དང་། ཡོངས་བསྒྲགས་དང་འདྲ་མཉམ། འགྲན་རྩོད། རྩེ་གྲས་གདམ་པའི་རྩ་དོན་ལག་བསྟར་བྱ་རྒྱུ་ཡིན།

གཉིས། དཔྱད་ཞིབ་གདན་ཞུའི་ལས་རིམ།

དཔྱད་ཞིབ་གདན་ཞུ་དེ་རྒྱུགས་ལེན་རྩ་འཛུགས་དང་། ཡུལ་དངོས་ཐོབ་ཐང་ཞིབ་བཤེར། ལུས་ཕུང་བརྟག་དཔྱད། རྩད་ཞིབ། གདན་ཞུའི་མི་སྣ་གཏན་འཁེལ། གདན་ཞུའི་མི་སྣའི་གནས་ཚུལ་ཡོངས་བསྒྲགས། གདན་ཞུའི་འགྲོ་ལུགས་སྒྲུབ་པ་བཅས་ལས་རིམ་ལྟར་སྤེལ་རྒྱུ་ཡིན།

གསུམ། དཔྱད་ཞིབ་ལས་གནས།

ཐེངས་འདིའི་དཔྱད་ཞིབ་གདན་ཞུའི་ལས་གནས་བདུན་ཡོད་དེ།

ཆེད་དོན་གློག་བརྙན་དང་དངོས་བྲིས་གློག་བརྙན་གྱི་སྒྲིག་ཁྲིད་པའི་ལས་གནས་སུ་མི1གདན་ཞུ་བྱ་རྒྱུ་དང་། (63135001)

སྨྱན་བྱད་ཀྱི་གསར་འགྱུར་བརྙན་ཕབ་ལས་གནས་སུ་མི2གདན་ཞུ་བྱ་རྒྱུ། (63135002)

གསར་འགྱུར་ཐད་གཏོང་གི་ཁྲིད་གཏོང་བའི་ལས་གནས་སུ་མི1གདན་ཞུ་བྱ་རྒྱུ། (63135003)

གསར་འགྱུར་ལེ་ཚན་གྱི་མདོ་འཛིན་པའི་ལས་གནས་སུ་མི1གདན་ཞུ་བྱ་རྒྱུ། (63135004)

དྲ་རྒྱའི་བདེ་འཇགས་དོ་དམ་སྲུང་སྐྱོབ་ཀྱི་ལས་གནས་སུ་མི1གདན་ཞུ་བྱ་རྒྱུ། (63135005)

བོད་སྐད་ཀྱི་མདོ་འཛིན་པའི་ལས་གནས་སུ་མི1གདན་ཞུ་བྱ་རྒྱུ། (63135006)

བོད་སྐད་ཀྱི་སྨྱན་སྦྱོར་གསར་བའི་བཅར་འདྲི་རྩོམ་སྒྲིག་སྒྲིག་བཟོའི་ལས་གནས་སུ་མི1གདན་ཞུ་བྱ་རྒྱུ་ཡིན། (63135007)

བཞི། དཔྱད་ཞིབ་ནང་དོན།

དཔྱད་ཞིབ་གདན་ཞུ་དེ་བྱ་བ་ཅི་ཞིག་ཡིན་ན་དེ་འབྲེལ་གྱི་རྒྱུགས་ལེན་པའི་རྩ་དོན་ལྟར། ཐོག་མའི་ཡིག་རྒྱུགས་དང་བསྐྱར་རྒྱུགས་ཀྱི་དཔྱད་ཞིབ་བྱེད་ཐབས་སྤྱོད་རྒྱུ་ཡིན།

1.ཐོག་མའི་ཡིག་རྒྱུགས་ལས་གཙོ་བོ་གདན་ཞུའི་མི་སྣའི་བྱེ་བྲག་གི་ལག་ལེན་ཁྲོད་ལས་གནས་དེར་མཐུན་པའི་ཆེད་ལས་ཤེས་བྱའི་ཡོན་ཚད་ལ་ཞིབ་བཤེར་བྱ་རྒྱུ་ཡིན། སྐར་མའི་ཚད100ཡིན་པ་དང་། རྒྱུགས་ལན་འདེབས་པའི་དུས་ཚོད་སྐར་མ90ཡིན་ལ། ཡིག་རྒྱུགས་ཀྱིས་སྤྱིའི་རྒྱུགས་འབྲས་ཀྱི40%ཟིན་པ་དང་། སིལ་གྲངས་ཚེག་རྗེས་ཀྱི་གྲངས་ཀ་གཉིས་སོར་འཇོག་བྱ་རྒྱུ་ཡིན།

2.བསྐྱར་རྒྱུགས་ལས་གཙོ་བོ་གདན་ཞུའི་ལས་གནས་དང་འཚམ་པའི་ལག་ལེན་ནུས་རྩལ་གྱི་ལག་ལེན་དང་བེད་སྤྱོད་ཆུ་ཚད་ལ་ཞིབ་བཤེར་བྱ་རྒྱུ་ཡིན། ལག་ལེན་ཚོད་རྒྱུགས་ཀྱི་སྐར་མའི་ཚད100ཡིན་པ་དང་། དེས་སྤྱིའི་རྒྱུགས་འབྲས་ཀྱི60%ཟིན་ཡོད་ལ། སིལ་གྲངས་ཚེག་རྗེས་ཀྱི་གྲངས་ཀ་གཉིས་སོར་འཇོག་བྱ་རྒྱུ་ཡིན།

ལྔ། དཔྱད་ཞིབ་དུས་ཚོད་དང་ས་གནས། དེ་མིན་འབྲེལ་ཡོད་བྱ་བ།

ཐོག་མའི་ཡིག་རྒྱུགས་ལེན་པའི་དུས་ཚོད་ནི་ཟླ8པའི་ཚེས6ཉིན་ཡིན་པ་དང་། རྒྱུགས་སྤྲོད་མཁན་ཉིན་དེའི་སྔ་དྲོའི་ཆུ་ཚོད8ཀྱི་སྔོན་ལ་རྒྱུགས་ལེན་སར་ཡོང་ནས་རིམས་ནད་འགོག་སྡོམ་བྱ་བར་གཞོགས་འདེགས་བྱེད་པ་དང་། ཆ་འཕྲིན་དཔྱད་ཞིབ་བྱེད་པ། རྒྱུགས་སྤྲོད་དཔང་ཡིག་ལེན་དགོས་པར་མ་ཟད། ཐོག་མའི་ཡིག་རྒྱུགས་ཀྱི་རྒྱུགས་འབྲས་རྩད་བཤེར་བརྡ་ཐོ་ལེན་དགོས།

རྒྱུགས་སྤྲོད་མཁན་གྱིས་ཟླ8པའི་ཚེས12ཉིན་གྱི་སྔོན་ལ་མཚོ་སྔོན་ཁྲང་ཡུན་དྲ་བའི་ཆ་འཕྲིན་ཡོངས་བསྒྲགས་(http://www.qhbtv.com/new_index/tzgg/)བརྒྱུད་དེ་ཐོག་མའི་ཡིག་རྒྱུགས་ཀྱི་རྒྱུགས་འབྲས་དང་བསྐྱར་རྒྱུགས་ཀྱི་མིང་ཐོའི་ནང་ཚུད་མིན་རྩད་བཤེར་བྱ་ཆོག་པ་དང་། བསྐྱར་རྒྱུགས་ནང་ཚུད་པའི་རྒྱུགས་སྤྲོད་མཁན་དག་ངེས་གཏན་གྱི་དུས་ཚོད་དང་ས་གནས་སུ་བསྐྱར་རྒྱུགས་ལ་ཞུགས་དགོས། བསྐྱར་རྒྱུགས་ཀྱི་དུས་ཚོད་ནི་ཟླ8པའི་ཚེས13ཉིན་ཡིན།

དཔྱད་ཞིབ་གདན་ཞུའི་གྲུབ་འབྲས་བེད་སྤྱོད་གང་ལེགས་བྱེད་པ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ངལ་རྩོལ་གན་རྒྱའི་གདན་ཞུའི་ལམ་ལུགས་ཀྱི་ལས་བྱེད་མི་སྣ་འཇོན་ཐང་ཅན་གསོག་འཇོག་བྱེད་ཆེད། ཐེངས་འདིའི་དཔྱད་ཞིབ་གདན་ཞུ་དེ་ལས་གནས་ཀྱི་གཅིག་དང་དྲུག་གི་བསྡུར་ཚད་ལྟར་རྒྱུགས་སྤྲོད་མཁན་གྱི་སྐར་མ་མཐོན་པོ་ནས་དམའ་མོའི་བར་དུ་བསྐྱར་རྒྱུགས་ལེན་རྒྱུ། རྒྱུགས་སྤྲོད་མཁན་གྱི་སྤྱིའི་སྐར་གྲངས་དེ་སྐར་མ་མཐོན་པོ་ནས་དམའ་མོའི་བར་གདན་ཞུའི་ལས་གནས་ཀྱི་གཅིག་དང་གཅིག་གི་བསྡུར་ཚད་ལྟར་གདན་ཞུ་བྱ་རྩིས་ཡོད་པའི་མི་སྣ་གཏན་ཁེལ་བྱེད་རྒྱུ། གདན་ཞུ་བྱ་རྩིས་ཡོད་པའི་མི་སྣར་ཆབ་སྲིད་ཞིབ་བཤེར་བྱེད་སྐབས། སྤྱིའི་སྐར་གྲངས་གཅིག་འདྲ་ཡིན་ན། ཐོག་མར་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་གདན་ཞུ་བྱ་རྒྱུ་དང་། གདན་ཞུའི་ཆ་རྐྱེན་ཁྲོད་དུ་ཐོག་མའི་ཆ་རྐྱེན་ལྟར་གཏན་འཁེལ་བྱེད་པ་དང་ཐོག་མའི་ཆ་རྐྱེན་ལས་གཏན་འཁེལ་བྱ་མི་ཐུབ་ཚེ། བསྐྱར་རྒྱུགས་ཀྱི་སྐར་མ་མཐོན་པོ་ནས་དམའ་བ་ལྟར་གཏན་འཁེལ་བྱ་རྒྱུ།

ཐོག་མའི་རྒྱུགས་ལེན་དང་བསྐྱར་རྒྱུགས་ལེན་ས་དེ་རྒྱུགས་ལེན་པའི་ཉིན་གསུམ་གྱི་སྔོན་ལ་མཚོ་སྔོན་ཁྲང་ཡུན་དྲ་རྒྱའི་ཆ་འཕྲིན་ལས་(http://www.qhbtv.com/new-index/tzgg/)འདྲི་རྩད་བྱས་ཆོག

དྲུག ཡུལ་དངོས་ནས་ཐོབ་ཐང་ལ་ཞིབ་བཤེར་བྱ་རྒྱུ།

སྤྱིའི་སྐར་གྲངས་དང་ཡུལ་དངོས་ནས་ཐོབ་ཐང་ལ་ཞིབ་བཤེར་བྱས་པའི་མཇུག་འབྲས་དེ་མཚོ་སྔོན་ཁྲང་ཡུན་དྲ་རྒྱའི་ཆ་འཕྲིན(http://www.qhbtv.com/new-index/tzgg/)སྟེང་ཁྱབ་སྒྲོག་བྱ་རྒྱུ། རྒྱུགས་སྤྲོད་མཁན་ལ་གདན་ཞུའི་ལས་གནས་ཀྱི་གཅིག་དང་གཅིག་གི་བསྡུར་ཚད་ལྟར་ཡུལ་དངོས་ནས་ཐོབ་ཐང་ལ་ཞིབ་བཤེར་བྱ་རྒྱུ།

ས་གནས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སྲིད་འཛིན་དོ་དམ་ལྟེ་གནས་ཀྱི་དྲུག་ཐོག་གི་མི་ཤུགས་ཐོན་ཁུངས་པུའུ་ཡིན། (ཟི་ལིང་གྲོང་ཁྱེར་མཁར་ནུབ་ས་ཁུལ་ལིན་ཧུའུ་ལམ་གྱི་སྒོ་རྟགས་ཉེར་བདུན་པའི་ཉིན་ཅིན་ཡོན་ཚོང་དོན་ལྟེ་གནས། )

ཡུལ་དངོས་ནས་ཐོབ་ཐང་ཞིབ་བཤེར་དང་དེ་མིན་སློབ་སྦྱོང་གི་བརྒྱུད་རིམ་དང་བསླབ་གནས་དཔང་ཡིག་ལ་ཞིབ་བཤེར་ཚད་ལེན་བྱེད་སྐབས་གཤམ་གྱི་རྒྱུ་ཆ་འདི་དག་མཁོ།

གཅིག ཐོབ་ཐང་ལག་ཁྱེར་དང་ཐོབ་ཐང་ལག་ཁྱེར་དཔར་མ་གཅིག

གཉིས། མཐར་ཕྱིན་དཔང་ཡིག་དང་བསླབ་གནས་དཔང་ཡིག དེ་མིན་དཔང་ཡིག་དེ་གཉིས་ཀྱི་དཔར་མ་གཅིག་རེ། (ཉིས་སྟོང་ཉེར་གཉིས་ལོའི་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གྱི་སྔོན་ལ་བླངས་པའི་ལས་གནས་ལ་མཁོ་བའི་སློབ་སྦྱོང་གི་བརྒྱུད་རིམ་དང་བསླབ་གནས་ཀྱི་དཔང་ཡིག)

གསུམ། མི་སྒེར་གྱི་ལོ་རྒྱུས་མདོར་བསྡུས། (ཞོར་དུ་འབྲེལ་འདྲིས་བྱེད་ཐབས་འབྲི་དགོས།  )

བཞི།  རྒྱུགས་སྤྲོད་དཔང་ཡིག་གཅིག

ལྔ། ལས་གནས་ཐོབ་ཐང་ཆ་རྐྱེན་དང་འབྲེལ་བའི་དཔང་ཡིག་དང་དཔང་ཡིག་དེའི་དཔར་མ་གཅིག

དྲུག སྤྱི་ཞབས་པ་དང་ལས་དོན་ལས་ཁུངས་ཀྱི་སྒྲིག་ལུགས་ཁྲོད་ཚུད་པའི་མི་སྣར་མིང་ཐོ་འགོད་པའི་ཆ་རྐྱེན་དང་འཚམ་ན། ངེས་པར་དུ་བཀོལ་སྤྱོད་ལས་ཁུངས་དང་དེ་མིན་གཙོ་འགན་འཁུར་བའི་ལས་ཁུངས(ཡང་ན་ལས་ཁུངས་དང་རྩ་འཛུགས། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག)ཀྱིས་ཉིས་སྟོང་ཉེར་གཉིས་ལོའི་ལྔ་ལྔ་པའི་ཚེས་གཅིག་གི་སྔོན་ལ(ཉིན་དེ་འདུ། )བྲིས་པའི་ལོ་འདིར་རྒྱུགས་ལེན་ཆོག་པའི་ཡིག་ཐོག་གི་དཔང་ཡིག་ཡོད་དགོས།

རེ་བ་ལྟར་རྒྱུ་ཆ་འདོན་སྤྲོད་མ་བྱས་པ་དང་ཡུལ་དངོས་ཀྱི་ཐོབ་ཐང་ཞིབ་བཤེར་ལ་མ་ཞུགས་པ་དང་ཡང་ན་སློབ་སྦྱོང་གི་བརྒྱུད་རིམ་དང་བསླབ་གནས་དཔང་ཡིག་ལ་ཞིབ་བཤེར་ཚད་ལེན་བྱས་རྗེས་རྫུན་མ་ཡིན་ན། གདན་ཞུའི་ཐོབ་ཐང་མེད་པར་གཏོང་ངེས་ཡིན།

བདུན། ལུས་ཕུང་བརྟག་བཤེར།

གདན་ཞུའི་ལས་གནས་ཀྱི་གཅིག་དང་གཅིག་གི་སྡུར་ཚད་ལྟར་ལུས་ཕུང་བརྟག་བཤེར་མི་སྣ་གཏན་ཁེལ་བྱ་རྒྱུ། ལུས་ཕུང་བརྟག་བཤེར་ཚད་གཞི་གཞུང་ཞབས་པ་བསྡུ་བའི་ལུས་ཕུང་བརྟག་བཤེར་སྐབས་ཀྱི་གཅིག་སྤྱོད་ཚད་གཞི་དང་གཞུང་ཞབས་པ་བསྡུ་བའི་ལུས་ཕུང་བརྟག་བཤེར་གྱི་དམིགས་བསལ་ཚད་གཞི་ལྟར་ལག་བསྟར་བྱ་རྒྱུ། མི་ཤུགས་ཐོན་ཁུངས་པུའུ་ཡིས་ལུས་ཕུང་བརྟག་བཤེར་ཁྲོད་ཚུད་པའི་མི་སྣར་བརྡ་བརྒྱབ་ནས་གཏན་ཁེལ་གྱི་དུས་ཚོད་ལྟར་གཏན་ཁེལ་ས་གནས་སུ་མཉམ་བསྡུ་བྱེད་པར་འགན་འཁུར་དགོས་པ་དང་། དཔྱད་ཞིབ་གདན་ཞུ་བྱ་བའི་ལྟ་སྐུལ་འཛུབ་སྟོན་ཚན་ཆུང་གིས་རིམ་པ་གཉིས་པའི་ཀ་རིམ་པ་ཡན་གྱི་སྨན་ཁང་ཞིག་གདམ་ནས་ལུས་ཕུང་བརྟག་བཤེར་བྱ་དགོས། རྒྱུགས་ལེན་མི་སྣ་ལུས་ཕུང་བརྟག་བཤེར་མཇུག་འབྲས་ཐད་བསམ་འཆར་མི་མཐུན་པ་ཡོད་ཚེ། ལུས་ཕུང་བརྟག་བཤེར་གྱི་མཇུག་འབྲས་འབྱོར་རྗེས་ཀྱི་ཉིན་བདུན་གྱི་ནང་ཡིག་ངོས་ཀྱི་བསྐྱར་བཤེར་སྙན་ཞུ་ཕུལ་ཆོག་ལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཆོག་འཆན་བཀོད་པ་བརྒྱུད་དཔྱད་ཞིབ་གདན་ཞུ་བྱ་བའི་ལྟ་སྐུལ་འཛུབ་སྟོན་ཚན་ཆུང་གིས་རིམ་པ་གཉིས་པའི་ཀ་རིམ་པ་ཡན་གྱི་སྨན་ཁང་གཞན་ཞིག་གདམ་ནས་ལུས་ཕུང་བརྟག་བཤེར་བྱ་དགོས་ལ། བསྐྱར་བཤེར་མཇུག་འབྲས་ཆེས་མཇུག་མཐའི་བརྟག་འབྲས་སུ་འཛིན་རྒྱུ་ཡིན། ལུས་ཕུང་བརྟག་བཤེར་དང་བསྐྱར་བཤེར་གྱི་རིན་་མི་སྒེར་གྱིས་འགན་འཁུར་དགོས་པ་དང་། མི་སྒེར་རྒྱུ་རྐྱེན་དུ་བྱས་ནས་བླང་བྱ་ལྟར་ལུས་ཕུང་བརྟག་བཤེར་ལ་མ་ཞུགས་ཚེ། རང་འགུལ་གྱིས་བསྐྱུར་བར་ངོས་འཛིན་རྒྱུ་ཡིན།

བརྒྱད། རྩད་ཞིབ།(ཆབ་སྲིད་ཞིབ་བཤེར།)

ཡུལ་དངོས་ཐོབ་ཐང་ཞིབ་བཤེར་དང་ལུས་ཕུང་བརྟག་བཤེར་ཚད་ལྡན་ཡིན་པའི་རྒྱུགས་སྤྲོད་མཁན་རྩད་ཞིབ་ཁྲོད་ཚུད་པ་དང་ཚད་ལྡན་མིན་ཚེ་རྩད་ཞིབ(ཆབ་སྲིད་ཞིབ་བཤེར།)ཐོབ་ཐང་མེད་པར་གཏོང་རྒྱུ་ཡིན་ལ། ལས་གནས་སྟོང་བ་ལྷག་ཚེ་རྒྱུགས་སྤྲོད་མཁན་གྱི་ཐོག་མའི་རྒྱུགས་ལེན་དང་བསྐྱར་རྒྱུགས་གནས་ཚུལ་ལྟར་ཞིབ་འཇུག་ཐག་གཅོད་བྱས་པ་བརྒྱུད་རིམ་པ་ལྟར་ཁ་གསབ་བྱ་དགོས།

རྩད་ཞིབ(ཆབ་སྲིད་ཞིབ་བཤེར།)ཁྲོད་རྒྱུགས་ལེན་མཁན་གྱི་གཞི་རྩའི་ཆབ་སྲིད་རྨང་གཞི་དང་སྒྲིག་ཁྲིམས་བརྩི་སྲུང་། ལས་རིགས་ཀུན་སྤྱོད། མི་སྒེར་ཡིད་རྟོན། ལུས་ཕུང་བདེ་ཐང་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་དང་། རྒྱུགས་སྤྲོད་མཁན་གྱི་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཀྱི་ཆབ་སྲིད་རྣམ་འགྱུར་དང་ཆབ་སྲིད་ལངས་ཕྱོགས་འབུར་དུ་ཐོན་མིན་ལ་ཞིབ་བཤེར་བྱ་རྒྱུ་ཡིན། འབྲེལ་ཡོད་གཏན་ཁེལ་ལྟར། རྩ་འཛུགས་རྩད་ཞིབ(ཆབ་སྲིད་ཞིབ་བཤེར།)ཁྲོད་མི་སྒེར་གྱི་ཡིད་རྟོན་གནས་ཚུལ་དང་མི་སྒེར་གྱི་ཡིག་ཚགས་གནས་ཚུལ་ཐད་ཞིབ་བཤེར་ནན་མོ་བྱེད་པ་དང་དེ་འབྲེལ་གྱི་ཐག་གཅོད་བྱ་རྒྱུ་ཡིན།

དགུ། གདན་ཞུ་བྱེད་པའི་མི་སྣའི་མིང་ཐོ་གཏན་ཁེལ་དང་ཡོངས་བསྒྲགས།

ལུས་ཕུང་བརྟག་དཔྱད་མཇུག་འབྲས་ཐད་ནས་བསམ་འཆར་མི་མཐུན་པ་མེད་ན། རྒྱང་སྒྲོག་བརྙན་འཕྲིན་ཁང་ཏང་ཙུའུ་ཡིས་གདན་ཞུ་བྱ་རྩིས་ཡོད་པའི་མི་སྣའི་མིང་ཐོར་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ་དང་མཚོ་སྔོན་ཁྲང་ཡུན་དྲ་བ་ཆ་འཕྲིན་ཁྱབ་བསྒྲགས་དྲ་ངོས་སོགས་སྟེགས་བུའི་སྟེང་ཉིན་བདུན་རིང་ཡོངས་བསྒྲགས་བྱ་རྒྱུ་རེད། ཡོངས་བསྒྲགས་ཐད་ནས་བསམ་འཆར་མི་མཐུན་པ་ཡོད་ན། གདན་ཞུ་འགྲོ་ལུགས་སྒྲུབ་མཚམས་བཞག་ནས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཞིབ་བཤེར་དང་བདེན་མིན་ཞིབ་དཔྱད་བྱ་རྒྱུ་ཡིན་པ་དང་། ཞིབ་བཤེར་དང་བདེན་མིན་ཞིབ་དཔྱད་ཐག་གཅོད་གནས་ཚུལ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ལ་ཡར་ཞུ་བྱ་རྒྱུ་ཡིན།

བཅུ། གདན་ཞུའི་འགྲོ་ལུགས་བསྒྲུབ་པ།

ཡོངས་བསྒྲགས་ཐད་བསམ་འཆར་མི་མཐུན་པ་མེད་ན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་གདན་ཞུའི་འགྲོ་ལུགས་བསྒྲུབ་པ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་གདན་ཞུའི་གན་རྒྱ་འཇོག་རྒྱུ་ཡིན་པར་མ་ཟད།  ལས་དོན་ལས་ཁུངས་ཀྱི་སྒྲིག་ལུགས་དོ་དམ་ཁྱབ་ཁོངས་སུ་བཞག་སྟེ། རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་ཟླ་ཕོགས་ཐོབ་ཐང་ལོངས་སུ་སྤྱད་ཆོག གསར་དུ་གདན་ཞུ་བྱས་པའི་མི་སྣར་གཏན་ཁེལ་ལྟར་ཚོད་སྤྱོད་དུས་ཚོད་བཀོད་སྒྲིག་བྱེད་པ་དང་། ཚོད་སྤྱོད་དུས་ཚོད་དེ་གདན་ཞུའི་གན་རྒྱའི་ནང་འཇུག་རྒྱུ་ཡིན་ལ། ཚོད་སྤྱོད་དུས་ཚོད་ལོངས་རྗེས། དཔྱད་ཞིབ་བརྒྱུད་དེ་ཚད་དང་མཐུན་པའི་མི་སྣ་དངོས་སུ་གདན་ཞུ་བཀོལ་སྤྱོད་བྱ་རྒྱུ་ཡིན་པ་དང་། ཚོད་སྤྱོད་དུས་ཚོད་ནང་དཔྱད་ཞིབ་བྱས་ནས་ཚད་དང་མི་མཐུན་པའི་མི་སྣ་ཡི་གདན་ཞུ་ཐོབ་ཐང་མེད་པར་བྱ་རྒྱུ་ཡིན།

བཅུ་གཅིག རྒྱུགས་སྤྲོད་མི་སྣའི་མཉམ་འཇོག་དགོས་ས།

དང་པོ། རྒྱུགས་སྤྲོད་མི་སྣས་ངེས་པར་དུ་སྤྱི་སྒྲོག་འདི་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི2022ལོའི་ཡོངས་ཁྱབ་མི་བསྡུ་དཔྱད་ཞིབ་གདན་ཞུ་སྐབས་ཀྱི་རིམས་ནད་འགོག་སྡོམ་གསལ་འདེབས་ཞིབ་མོར་ཀློག་པ་དང་། རྒྱུགས་ལེན་སྔོན་གྱི་ཉིན་བཅུ་བཞིའི་རིང་གི་བདེ་ཐང་ལྟ་ཞིབ་ཐོ་འགོག་རེའུ་མིག་དང་དམ་བཅའ་ཡི་གེའི་སྟེང་མིང་འགོད་དགོས་ལ། རེ་བ་ལྟར་འབྲེལ་ཡོད་དཔྱད་གཞི་ཡིག་ཆ་བཀོད་སྒྲིག་བྱ་དགོས།

གཉིས་པ། རྒྱུགས་སྤྲོད་མི་སྣ་དུས་ཚོད་དང་རེ་བ་ལྟར་རྒྱུགས་ལེན་སར་ཐོན་དགོས་པར་མ་ཟད། རང་འགུལ་གྱིས་རྒྱུགས་སྤྲོད་མི་སྣའི་ཐོག་མའི་ཡིག་རྒྱུགས་སྔོན་གྱི་དུས་ཚོད་ཞེ་བརྒྱད་རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡིན་པའི་སྙན་ཞུ་དང་། རྒྱུགས་ལེན་སྔོན་གྱི་ཉིན་བཅུ་བཞིའི་རིང་གི་བདེ་ཐང་ལྟ་ཞིབ་ཐོ་འགོད་རེའུ་མིག་དང་དམ་བཅའ་ཡི་གེ་ཁྱེར་ཡོང་དགོས་ལ། རྒྱུགས་ལ་མ་ཞུགས་པའི་ཉིན་གཅིག་སྔོན་གྱི་བདེ་ཐང་བཤེར་རིས་དང་འགྲུལ་རིམ་བཤེར་རིས་ཀྱི་ཚོད་ལྡན་བསྐྱར་དཔར་སྟོན་དགོས་པར་མ་ཟད། རྒྱུགས་ཞུགས་མི་སྣ་རང་ཉིད་ཀྱིས་མིང་འབྲི་དགོས། དེ་དང་མཉམ་དུ་རྒྱུགས་ལེན་པའི་ཉིན་དེའི་བདེ་ཐང་བཤེར་རིས་དང་འགྲུལ་བཞུད་བཤེར་རིས་བསྟན་ནས་ཞིབ་བསྡུར་བྱེད་པ་དང་ཡུལ་དངོས་ནས་ལུས་དྲོད་འཇལ་དགོས། རྒྱུགས་ལེན་སར་ཐོན་རྗེས་རང་ཉིད་ཀྱི་ཐོབ་ཐང་འཛིན་ཡིག་ཁྱེར་ནས་ཐོ་འགོད་བྱེད་པ་དང་། མིང་བཀོད་ཡོད་པའི་རྒྱུགས་ལེན་སྔོན་གྱི་ཉིན་བཅུ་བཞིའི་རིང་གི་བདེ་ཐང་ལྟ་ཞིབ་ཐོ་འགོད་རེའུ་མིག་དང་དམ་བཅའ་ཡི་གེ་སྤྲད་དེ། རྒྱུགས་སྤྲོད་དཔང་ཡིག་ལེན་དགོས། རྒྱུགས་སྤྲོད་དཔང་ཡིག་དེ་གདན་ཞུ་རྒྱུགས་ལེན་གྱི་འགོ་མཇུག་བར་གསུམ་དུ་མཁོ་གལ་ཆེ་བས། རྒྱུགས་སྤྲོད་མི་སྣ་ཚོས་དོ་དམ་བཟང་བོ་བྱེད་པ་ལས་བོར་བརླག་བྱེད་མི་རུང་། གོང་གསལ་གྱི་རྒྱུ་ཆའི་ཡིག་རིགས་ཁ་ཚང་བར་ཁྱེར་མ་ཡོང་ན། རྒྱུགས་སྤྲོད་མཁན་གྱི་དཔྱད་ཞིབ་ཐོབ་ཐང་མེད་པར་བྱ་རྒྱུ་ཡིན།

གསུམ་པ། དཔྱད་ཞིབ་གདན་ཞུའི་འབྲེལ་ཡོད་བྱ་བ་དག་མཚོ་སྔོན་ཁྲང་ཡུན་དྲ་བའི་ཆ་འཕྲིན་ཡོངས་བསྒྲགས་དྲ་ངོས་སུ་ཁྱབ་བསྒྲགས་བྱས་ཡོད་པས། རྒྱུགས་སྤྲོད་མི་སྣ་ཚོས་དྲ་ངོས་དེ་ལས་འབྲེལ་ཡོད་ཆ་འཕྲིན་ལ་དོ་སྣང་བྱས་ཆོག

བཞི་པ། ཐོབ་ཐང་ཞིབ་བཤེར་དེ་དཔྱད་ཞིབ་མི་བསྡུ་བྱ་བའི་གོ་རིམ་ཧྲིལ་བོར་ཁྱབ་ཡོད་པས། དཔྱད་ཞིབ་མི་བསྡུའི་གོ་རིམ་ཁྲོད་ཀྱི་མཚམས་གང་རུང་དུ་ཁྲིམས་འགལ་སྒྲིག་འགལ་དང་། ཆ་འཕྲིན་རྫུན་མ་འདོན་སྤྲོད་བྱེད་པ་དང་ཡང་ན་གདན་ཞུ་ཆ་རྐྱེན་མི་བསྡུ་ལས་གནས་ཀྱི་ཆ་རྐྱེན་དང་རེ་བར་མི་འཚམ་པ་སོགས་ཀྱི་གནས་ཚུལ་བྱུང་ན། དུས་ནམ་ཞིག་ཡིན་རུང་གདན་ཞུའི་རྒྱུགས་སྤྲོད་ཐོབ་ཐང་མེད་པར་བྱ་རྒྱུ་ཡིན།

ལྔ་པ། རྒྱུགས་སྤྲོད་མི་སྣ་ཚོ་དུས་རིམ་སོ་སོའི་དཔྱད་ཞིབ་ལ་ཞུགས་སྐབས། ཕན་ཡོད་དུས་སྐབས་ནང་གི་ཐོབ་ཐང་ལག་ཁྱེར་འཛིན་ཡིག་དང་རྒྱུགས་སྤྲོད་དཔང་ཡིག་ཁྱེར་དགོས་པ་དང་། གལ་ཏེ་ཐོབ་ཐང་འཛིན་ཡིག་དང་རྒྱུགས་སྤྲོད་དཔང་ཡིག་མ་ཁྱེར་ན་རྒྱུགས་ལེན་ལ་ཞུགས་མི་ཆོག

དྲུག་པ། བརྡ་སྦྱོར་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དཔྱད་ཞིབ་མི་བསྡུ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་འགན་ཁུར་ནས་འགྲེལ་བཤད་བྱེད་པ་དང་། བྱ་བ་གཞན་པ་དག རྒྱལ་ཁབ་དང་རང་ཞིང་གི་གཏན་ཁེལ་ལྟར་ལག་བསྟར་བྱེད་དགོས།

འབྲེལ་འདྲིས་ཁ་པར་ཨང་གྲངས། 0971-6329305དང6329307

ས་གནས། ཟི་ལིང་གྲོང་ཁྱེར་མཁར་ནུབ་ས་ཁུལ་ཞི་ཀོན་སྲང་ཆེན་གྱི་སྒོ་རྟགས་ཨང་གྱ་གསུམ་པ་སྟེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟུར་བཀོད་དང་པོ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི2022ལོའི་ཡོངས་ཁྱབ་མི་བསྡུ་དཔྱད་ཞིབ་རྒྱུགས་ལེན་སྐོར་གྱི་རིམས་ནད་འགོག་སྡོམ་གསལ་འདེབས།

ཟུར་བཀོད་གཉིས་པ། རྒྱུགས་ལ་མ་ཞུགས་སྔོན་གྱི་ཉིན་བཅུ་བཞིའི་རིང་གི་བདེ་ཐང་ལྟ་ཞིབ་ཐོ་འགོད་རེའི་མིག་དང་དམ་བཅའ་ཡི་གེ

2022ལོའི་ཟླ7པའི་ཚེས20ཉིན'

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས།