ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གསུམ་པ་དང་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པའི་སྟེང་མཚོ་ལྷོ་ཁུལ་གྱིས་ལས་གཞི་སོ་གཅིག་ལ་ཆེད་དོན་གན་རྒྱ་བཞག
2022.07.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན།   ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གསུམ་པ་དང་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆེད་དོན་གན་རྒྱ་འཇོག་པའི་མཛད་སྒོ་ཟི་ལིང་དུ་བསྡུས།

ཐེངས་འདིར་མཚོ་ལྷོ་ཁུལ་གྱིས་བསྡོམས་པས་ལས་གཞི་སོ་གཅིག་ལ་གན་རྒྱ་བཞག་པ་དང་མ་དངུལ་སྒོར་ཐེར་འབུམ་བདུན་དང་དུར་ཕྱུར་དགུ་བྱེ་བ་ལྔ་ས་ཡ་ལྔ་ལ་སླེབས་ཡོད།    གན་རྒྱ་བཞག་པའི་ལས་གཞིའི་ཁྲོད་ལྗང་མདོག་ཐཱན་ཉུང་གཞི་གྲངས་ཆེན་མོའི་ལྟེ་གནས་དང་ནུས་ཁུངས་མཉམ་བསྲེས་གཞི་གཅིག་ཅན་སོགས་ཡོད་པ་དང་།    དེ་དག་ལ་ཐོན་ལས་ཀྱི་རིགས་སྣ་མང་བ་དང་དངུལ་གཏོང་གྲངས་འབོར་མང་བ།      ཚན་རྩལ་གྱི་འདུས་ཚད་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན།  རྒྱུས་ལོན་བྱུང་བ་ལྟར་ན།   གན་རྒྱ་འཇོག་པའི་མཛད་སྒོའི་སྟེང་།     མཚོ་ལྷོ་ཁུལ་གྱིས་ས་ཁུལ་གྱི་དགེ་མཚན་ཕན་ཚུན་གསབ་རེས་བྱེད་པ་དང་གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་ལ་དམིགས་ཏེ།   ཞིང་ཕྱུགས་ཐོན་ལས་ཅན་འཕེལ་རྒྱས་དང་།   ནུས་ཁུངས་གསར་པ་དང་སྒྲིག་ཆས་སྒྲིག་བཟོ།    ཡུལ་སྐོར་རིག་གནས་གསར་སྤེལ།     གཞི་གྲངས་ཆེན་མོ་དང་ཆ་འཕྲིན་ཞབས་ཞུ།    རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཆེན་པོ་བདུན་གྱི་ཚོང་འགུག་ལས་གཞི་ཁྱབ་གདལ་དུ་བཏང་།

ལས་གཞིར་གན་རྒྱ་འཇོག་རྒྱུ་ལེགས་གྲུབ་བྱུང་བ་དེས་མཚོ་ལྷོ་ཁུལ་དང་ཁེ་ལས་སོ་སོས་མཛའ་བརྩེའི་མཉམ་ལས་བྱེད་པའི་འགོ་ཚུགས་པ་ཡིན་ལ།    མཚོ་ལྷོ་ཁུལ་གྱི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྩལ་ཡོད་པ་དང་།    མཚོ་ལྷོ་ཁུལ་གྱིས་ཀྱང་དངུལ་གཏོང་ཁེ་ལས་དག་ལ་སྔར་ལས་ཆེ་བའི་འཕེལ་རྒྱས་བར་སྟོང་འདོན་སྤྲོད་བྱས་ཏེ་ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་རྒྱལ་དང་མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་ཡོང་ངེས་ཡིན།

                                                                                                  ལྷ་མོ་ཚེ་རིང་གིས་བསྒྱུར།