མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་མཚོ་བྱང་ཁུལ་གྱིས་བསྡོམས་པས་ལས་གཞི་ཉེར་བཞི་ལ་གྲོས་མཐུན་བཀོད་པ་དང་གྲོས་མཐུན་བཀོད་པའི་དངུལ་གྲངས་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གསུམ་བྱེ་བ་གསུམ་ས་ཡ་བརྒྱད་ལ་སླེབས།
2022.07.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གསུམ་པ་དང་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པར་ཞུགས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆེད་དོན་གྲོས་མཐུན་འགོད་པའི་མཛད་སྒོ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་བསྡུས་ཏེ། བསྡོམས་པས་ལས་གཞི་ཉེར་བཞི་ལ་གྲོས་མཐུན་བཀོད་པ་དང་གྲོས་མཐུན་བཀོད་པའི་དངུལ་གྲངས་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གསུམ་བྱེ་བ་གསུམ་ས་ཡ་བརྒྱད་ལ་སླེབས།

མཚོ་བྱང་ཁུལ་གྱིས་དུས་དང་རྣམ་པ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་དང་སའི་གོ་ལའི་སྣེ་གསུམ་པར་སྲུང་སྐྱོབ་བཟང་བོ་བྱེད་པ། དཔལ་འབྱོར་འཛིན་སྟངས་བཞི་འཕེལ་རྒྱས་སུ་གཏོང་བ། དཔེ་སྟོན་ལྔའི་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་སྤྱིའི་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། སྐྱེ་ཁམས་ཐོག་མར་དམ་འཛིན་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ཁྲིད་ཕྱོགས་སུ་འཛིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བར་བསྐྱོད་པར་འཚོལ་ཞིབ་བྱས། སྐབས་འདིའི་འགྲེམ་སྟོན་ཚོགས་འདུའི་སྟེང་མཚོ་བྱང་ཁུལ་གྱི་ཆེད་དོན་གྲོས་མཐུན་འགོད་པའི་ལས་གཞི་དེ་མཐོ་སྒང་གི་སྐྱེ་ཁམས་ཞིང་ཕྱུགས་ལས་དང་ཁྱད་ལྡན་རིག་གནས་གནས་སྐོར་ཐོན་ལས། དག་གཙང་ནུས་ཁུངས་ཐོན་ལས། ཁྱད་ལྡན་ཡང་བའི་བཟོ་ལས་དང་དེང་རབས་ཅན་གྱི་ཞབས་ཞུའི་ལས་རིགས་སོགས་ཕྱོགས་དང་འབྲེལ་བ་ཡོད། ལས་གཞི་ཐད་ནས་གྲོས་མཐུན་བཀོད་པ་དེས་མཚོ་བྱང་ཁུལ་གྱིས་གཉིས་བཞི་གསུམ་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་མྱུར་དུ་གསར་སྐྲུན་བྱེད་པ་དང་། གསར་པ་ལྔའི་མཚོ་བྱང་བསྐྲུན་པར་རྨང་གཞི་བརྟན་པོ་བཏིངས།

                                                                                                           བཀྲ་ཤིས་འབུམ་གྱིས་བསྒྱུར།