2022ལོའི་སེམས་པ་ཏང་ལ་ཕྱོགས་པ་དང་ཆུ་འཐུང་དུས་ཆུ་ཕུགས་དྲན་དགོས་ཞེས་པའི་ན་གཞོན་ལོ་ཆུང་གི་དབྱར་གནང་གི་སྤྱི་ཚོགས་ལག་ལེན་བྱ་འགུལ་སྤེལ།
2022.07.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་གཉིས་ཀྱི་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་སློབ་གསོ་ཐིན་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒོང་གི་སྐྱེ་དངོས་ཞིབ་འཇུག་ཁང་།  ཞིང་ཆེན་བསམ་པའི་དཔལ་ཡོན་གཞུང་སྒྲུབ་ཁང་། ཞིང་ཆེན་བོད་སྨན་ཁང་བཅས་ཀྱིས་རོགས་སྒྲུབ་བྱས་པའི2022ལོའི་སེམས་པ་ཏང་ལ་ཕྱོགས་པ་དང་ཆུ་འཐུང་དུས་ཆུ་ཕུགས་དྲན་དགོས་ཞེས་པའི་ན་གཞོན་ལོ་ཆུང་གི་དབྱང་གནང་སྐབས་ཀྱི་སྤྱི་ཚོགས་ལག་ལེན་བྱ་འགུལ་ཟི་ལིང་དུ་སྤེལ། བྱ་འགུལ་དེ་བསྟུད་མར་ལོ་གསུམ་ལ་སྤེལ་བ་དང་། ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་ཆེན་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ན་གཞོན་ལོ་ཆུང་བྱ་འགུལ་ལ་ཞུགས།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་ནས་ཟླ་བརྒྱད་པའི་ཚེས་ལྔ་ཉིན་བར། ཆིན་ཧྭ་སློབ་ཆེན་དང་པེ་ཅིང་སྦྲགས་སྲིད་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། གྲོག་མའི་དང་བླངས་པའི་ཚོགས་པ་སོགས་མཐོ་རིམ་སློབ་གྲྭ་དང་སྤྱི་ཚོགས་ཚོགས་པ་ནས་ཡོང་བའི་ཁོངས་མི་བརྒྱ་དང་ལྔ་བཅུ། སོ་སོར་ཀོས་ནན་རྫོང་བྲག་དཀར་སྡེ་བའི་སྐྱེ་དངོས་སྣ་མང་རང་བཞིན་ཞིབ་འཇུག་རྟེན་གཞི་དང་ཧུའུ་ཀྲུའུ་ཧན་ཡའོ་བྱེ་སྣུམ་སྐྱེ་ཁམས་ཐོན་ལས་རྟེན་གཞི། རྨ་སྟོད་རྫོང་དང་རྫ་སྟོད་རྫོང་སོགས་ས་ཆར་འགྲོ་རྒྱུ་རེད། དེའི་སྐབས་སུ། རུ་ཁག་གི་ཁོངས་མིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ། གྲོང་གསེབ་དར་སྤེལ་འཐབ་ཇུས། སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་སོགས་ནང་དོན་ལ་དམིགས་ནས། སྲིད་ཇུས་དྲིལ་སྒྲོག་དང་ཚན་རྩལ་ཁྱབ་གདལ་དང་སྒྲོག་འགྲེལ། ཁྱིམ་ཚང་དུ་འཚམས་འདྲི། དངོས་དཔེ་བཟོ་བ་སོགས་རྣམ་པ་གསར་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།