མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་མཚོ་ནུབ་ཁུལ་གྱིས་གྲོས་མཐུན་བཀོད་པའི་དངུལ་གྲངས་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གསུམ་དུང་ཕྱུར་གཅིག་ལྷག་ལ་སླེབས།
2022.07.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་བརྗེ་རེས་ཚོང་གཏམ་ཚོགས་འདུ་སྐབས་ཉེར་གསུམ་པ་དང་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པར་ཞུགས་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཆེད་དོན་གྲོས་མཐུན་འགོད་པའི་བྱ་འགུལ་ཟི་ལིང་ནས་བསྡུས།

ཐེངས་འདིར་མཚོ་ནུབ་ཁུལ་གྱིས་བསྡོམས་པས་ལས་གཞི་ཞེ་གཉིས་ལ་གྲོས་མཐུན་བཀོད་པ་དང་གྲོས་མཐུན་བཀོད་པའི་དངུལ་གྲངས་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གསུམ་དུང་ཕྱུར་གཅིག་བྱེ་བ་བཞི་ས་ཡ་བརྒྱད་སླེབས། གྲོས་མཐུན་བཀོད་པའི་ལས་གཞི་དེ་ཚྭ་མཚོ་རྫས་འགྱུར་བཟོ་ལས་དང་ནུས་ཁུངས་གསར་བའི་སྒྲིག་ཆས་གསར་བཟོ། ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ལས་སྣོན། རིག་གནས་གནས་སྐོར། གྲངས་འཛིན་དཔལ་འབྱོར་སོགས་དང་འབྲེལ་བ་ཡོད་པ་དང་། གྲོས་མཐུན་བཀོད་པའི་ལས་གཞི་ལ་ཐོན་ལས་ཀྱི་སྣ་ཁ་མང་བ་དང་དངུལ་གཏོང་གྲངས་ཀ་ཆེ་བ། ཚན་རྩལ་གྱི་ནུས་པ་ལྡན་པ་སོགས་ཀྱི་ཁྱད་ཆོས་ཡོད།

ཤེས་པའི་གནས་ཚུལ་ལྟར་ན། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་བརྗེ་རེས་ཚོང་གཏམ་ཚོགས་འདུ་སྐབས་ཉེར་གསུམ་པ་དང་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པའི་སྟེང་མཚོ་ནུབ་ཁུལ་གྱིས་བསྡོམས་པས་ལས་གཞི་ང་གཉིས་ལ་གྲོས་མཐུན་བཀོད་པ་དང་གྲོས་མཐུན་བཀོད་པའི་དངུལ་གྲངས་ཐེར་ཆེན་གསུམ་དང་དུང་ཕྱུར་བདུན་བྱེ་བ་བརྒྱད་ས་ཡ་དགུ་ལ་སླེབས་ཡོད། ལས་གཞི་དེ་དག་ལ་གྲོས་མཐུན་བཀོད་པ་ནི་མཚོ་ནུབ་ཁུལ་གྱིས་ཐོན་ལས་ཀྱི་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། སྒོ་ཡངས་པར་ཕྱེས་པ་དང་ཚོང་འགུག་བྱེད་པར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཅིག་བསྡུས་མཚོན་བྱེད་ཡིན་པ་དང་། ལས་གཞི་དངོས་འབེབས་བཟང་བོ་བྱེད་པ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་བྱེད་ཐབས་གཙོ་བོ་ཡིན།

                                                                                                          བཀྲ་ཤིས་འབུམ་གྱིས་བསྒྱུར།