ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་རང་གིས་འཛུགས་སྐྲུན་བྱས་པའི་སྡོད་ཁང་གི་བདེ་འཇགས་ཐད་ཀྱི་ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ།
2022.07.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན།   གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་རང་གིས་འཛུགས་སྐྲུན་བྱས་པའི་སྡོད་ཁང་གི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་བའི་བརྙན་རིས་བཀོད་གཏོང་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན།   མཁར་གྲོང་གི་བདག་གཉེར་རང་བཞིན་གྱི་རང་གིས་འཛུགས་སྐྲུན་བྱས་པའི་སྡོད་ཁང་གི་བདེ་འཇགས་ཐད་ཀྱི་ཆེད་དོན་དག་ཐེར་བཅོས་སྐྱོང་གི་ཉིན་བརྒྱའི་འགུལ་སྐྱོད་སྤེལ་བའི་ཚུན་ལ།    རྩ་འཛུགས་འགོ་ཁྲིད་དང་དྲིལ་སྒྲོག་ཁྲིད་སྟོན།    ཞིབ་བཤེར་དང་དག་ཐེར་བཅོས་སྐྱོང་།   ལས་རིགས་ལྟ་སྐུལ་དོ་དམ་བཅས་ལ་ཤུགས་བསྣན་ནས་རང་གིས་འཛུགས་སྐྲུན་བྱས་པའི་སྡོད་ཁང་གི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་བ་བཟང་བོར་སྤེལ་ཏེ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད།    ཐོག་མའི་ཞིབར་བཤེར་གཏན་འབེབས་ལྟར་ན།   ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་བར་དུ།   ཞིང་ཆེན་ཡོངས་སུ་བསྡོམས་པས་མཁར་གྲོང་གི་བདག་གཉེར་རང་བཞིན་གྱི་རང་གིས་འཛུགས་སྐྲུན་བྱས་པའི་སྡོད་ཁང་ཞིབ་བཤེར་བྱ་བའི་བརྒྱ་ཆའི་གྱ་བདུན་དང་གྲངས་ཆུང་ལྔ་གསུམ་ཡོངས་གྲུབ་བྱས་ཡོད།

ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་སྲིད་གཞུང་བྱ་བའི་ཇུས་གཞིར་དམིགས་ནས།     གྲོང་ཁྱེར་དང་རྫོང་རིམ་པའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་པ་དང་།    བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་པར་མ་ཟད།    ཞིང་ཆེན་དང་གྲོང་ཁྱེར།   རྫོང་།   ཡུལ་ཚོ་བཅས་རིམ་པ་བཞིའི་བྱ་བའི་བྱ་འགོ་ཁྲིད་ཚན་ཆུང་གི་མཉམ་སྒུལ་རྐྱེན་སྲོལ་བཙུགས་ཏེ་གོ་རིམ་ལྡན་སྒོ་ནས་རང་གིས་འཛུགས་སྐྲུན་བྱས་པའི་སྡོད་ཁང་གི་བདེ་འཇགས་བྱ་བའི་ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་བར་སྐུལ་འདེད་ནན་མོ་བཏང་།   དྲ་རྒྱ་དང་ཚགས་པར་དང་དུས་དེབ།   སྐད་འཕྲིན་སྤྱི་སྟེགས་སོགས་བྱེད་ཐབས་མང་པོ་བརྒྱུད་དེ་སྡོད་ཁང་བདེ་འཇགས་ཀྱི་ཚན་རིག་ཤེས་བྱ་རྒྱ་ཁྱབ་ཏུ་སྤེལ་བ་དང་།   མི་དམངས་མང་ཚོགས་དག་གིས་རང་གིས་འཛུགས་སྐྲུན་བྱས་པའི་སྡོད་ཁང་གི་བདེ་འཇགས་ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་བར་རྒྱབ་སྐྱོར་བྱེད་པར་ཁྲིད་སྟོན་བྱས་ཏེ།    སྤྱི་ཚོགས་སྤྱི་ཡོངས་རང་གིས་འཛུགས་སྐྲུན་བྱས་པའི་སྡོད་ཁང་གི་བདེ་འཇགས་ཆེད་དོན་བཅོས་སྐྱོང་བྱ་བར་རྒྱུས་ལོན་ཡོད་པ་དང་དེའི་ཁྲོད་དུ་ཞུགས་པ།   དེར་རྒྱབ་སྐྱོར་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན།

                                                                                                    ལྷ་མོ་ཚེ་རིང་གིས་བསྒྱུར།