མཚོ་ནུབ་ཁུལ་གྱི་ཞིང་ཕྱུགས་བྱ་བའི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་པོར་འཕར་སྣོན་བྱུང་།
2022.07.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཉིས་སྟོང་ཉེར་གཉིས་ལོའི་ལོ་སྟོད་དུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་འབྲུ་རིགས་འགན་སྲུང་འདོན་སྤྲོད་འགུལ་སྐྱོད་ལ་ཏན་ཏིག་ངང་སྐུལ་འདེད་བཏང་བ་དང་། ཞིང་ཕྱུགས་ལས་རིགས་ཀྱི་ཐོན་སྐྱེད་གསབ་སྤྲོད་སྲིད་ཇུས་དུས་ལྟར་དངོས་འབེབས་བྱས་པ། ལག་རྩལ་ཁྱབ་བརྡལ་ཞབས་ཞུར་ཤུགས་སྣོན་དང་ཞིང་ཕྱུགས་ལས་རིགས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕེལ་བར་བྱས། སྔོན་རྩིས་ལྟར་ན་ལོ་སྟོད་དུ་ཁུལ་ཡོངས་ཀྱིས་སིལ་ཏོག་དང་སྔོ་ཚལ་རིགས་ཏུན་ཁྲི་གཅིག་དང་སྟོང་གཉིས་ཐོན་སྐྱེད་བྱས་པ་དང་། ཤ་ཏུན་ཁྲི་གཅིག་དང་སུམ་བརྒྱ་ཐོན་སྐྱེད་བྱས་པས། ལོ་སྔོན་མའི་དུས་སྐབས་དང་བསྡུར་ན་སོ་སོར་བརྒྱ་ཆའི་བཅུ་དང་གྲངས་ཆུང་དགུ་དང་བརྒྱ་ཆའི་གསུམ་དང་གྲངས་ཆུང་དྲུག་བདུན་གྱིས་འཕར་སྣོན་བྱུང་།

ད་ལོར་སྲིད་ཇུས་བྱེད་ཐབས་གཏན་འབེབས་དང་། འདེབས་འཛུགས་སྒྲིག་གཞི་བཅོས་སྒྲིག    རྣམ་གྲངས་བརྩོན་ལེན་ལ་འཆར་འགོད་བྱེད་པ་སོགས་ཀྱི་བྱེད་ཐབས་མང་པོ་བརྒྱུད། མཚོ་ནུབ་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་བསྐྲུན་བྱེད་པའི་འགུལ་སྐྱོད་ཇུས་གཞི་སོགས་ཀྱི་སྲིད་ཇུས་དཔར་ནས་བཀྲམ་སྟེ། མཚོ་ནུབ་ཁུལ་དང་ཏུའུ་ལན་རྫོང་། ཐེམ་ཆེན་རྫོང་སོགས་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བསྐྲུན་པའི་སྔོན་སྐྱོད་དཔེ་སྟོན་ཁུལ་དང་། གཙོ་གནད་དཔེ་སྟོན་རྫོང་དུ་གདམ་ཐོན་བྱུང་།རིགས་སྣ་མི་གཅིག་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་ཉེར་ལྔ་བསྡུས་ནས་མི་སྟོང་གཅིག་དྲུག་བརྒྱ་གསོ་སྐྱོང་བྱས། ཞིང་ལས་ལག་རྩལ་སློབ་ཁྲིད་བྱེད་པའི་བརྙན་ཐུང་ཁག་བཅོ་བརྒྱད་དང་། དྲིལ་སྒྲོག་རྒྱུ་ཆ་སྟོང་དགུ་ལྷག་བཀྲམ་ནས། ཞིང་ཕྱུགས་ལས་རིགས་ཀྱི་ཐོན་སྐྱེད་ཁྲོད་འཕྲད་པའི་དཀའ་ཁག་དང་གནད་དོན་དོན་དངོས་སུ་སེལ་རོགས་བྱས།

                                                                                                      རིག་འཛིན་སྒྲོལ་མས་བསྒྱུར།