མཚོ་སྔོན་ཞིང་ཆེན་དུ་གེ་སར་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་རྟེན་གཞི་ཞིག་གསར་དུ་འཕར།
2022.07.28 ཁུངས། ཀློག་གྲངས། 143

ཟླ་བདུན་པའི་ཚེས་ཉེར་བདུན་ཉིན།  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གཏོང་མགོ་བརྩམས་ནས་ལོ་བདུན་ཅུ་འཁོར་བའི་སྐབས་འདིར།     མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དུ་གེ་སར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞི་བཙུགས་པ་དང་། མཚོ་སྔོན་ཞིང་ཆེན་དུ་གེ་སར་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་རྟེན་གཞི་ཞེ་གསུམ་དུ་འཕར།

 ཆིག་སྟོང་དགུ་བརྒྱ་གྱ་དྲུག་ལོར།   གེ་སར་སྒྲུང་གི་ལེ་ཚན་གཏོང་མགོ་ཚུགས་པའི་ཚུན་ལ།   སྔ་གཞུག་ཏུ་ཞིང་ཆེན་ཕྱི་ནང་གི་གེ་སར་སྒྲུང་བ་སྐལ་བཟང་གྲགས་པ་དང་བ་རྒྱོ། ལྕགས་ཐར་ཚེ་རིང་། དབང་ཕྱུག་ཚེ་རིང་།   གུ་རུ་རྒྱལ་མཚན།   སྙིང་བོ་ཚེ་རིང་།   ལྷ་དཔལ་རྒྱལ་སོགས་གདན་དྲངས་ནས། མེ་གླིང་གསེར་རྫོངདངམི་ནུབ་དར་རྫོངསྟག་གཟིག་ནོར་རྫོང གོ་རུ་ཚྭ་རྫོང ཧོར་གླིང་གཡུལ་འགྱེད མི་སྲིན་གོ་བྲག་འདུལ་བའི་རྔ་སྒྲ གནམ་ཐེའུ་གཏེར་རྫོངསྒྲུང་དཔེ་ལྔ་བཅུ་ལྷག་སྒྲ་ཕབ་བྱས་ནས་བཏང་རྗེས་རྒྱ་ཆེའི་ཉན་མཁན་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་།    མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ལེ་ཚན་གྲགས་ཅན་ཞིག་ཏུ་གྱུར།    ལོ་ངོ་བཅུ་ཕྲག་འགའི་རིང་གི་འཕེལ་རྒྱས་བརྒྱུད་དེ་གེ་སར་སྒྲུང་གི་ལེ་ཚན་དེ་གླིང་སྒྲུང་ལ་དགའ་བའི་མི་རྣམས་ཀྱི་རིག་གནས་ཀྱི་རྒྱགས་ཕྱེ་རུ་གྱུར་ཡོད།

           ཐེངས་འདིར་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དུ་གེ་སར་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་རྟེན་གཞི་བཙུགས་པ་ནི་གེ་སར་སྒྲུང་སྲུང་སྐྱོབ་དང་རྒྱུན་འཛིན།  དྲིལ་སྒྲོག  དར་སྤེལ་བཅས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།    མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་གེ་སར་སྒྲུང་གི་བརྩམས་ཆོས་སྔར་ལས་མང་པོ་བཏོན་ནས་གླིང་སྒྲུང་ལེ་ཚན་གྱི་ནང་དོན་དང་བཤད་སྟངས་སྔར་ལས་ཕུན་ཚུམ་ཇེ་ཚོགས་སུ་བཏང་སྟེ་རྒྱ་ཆེའི་ཉན་མཁན་གྱི་རེ་བ་སྐོང་བ་དང་།    ཕུལ་དུ་བྱུང་བའི་གླིང་སྒྲུང་ལེ་ཚན་མང་པོས་རོང་འབྲོག་མང་ཚོགས་ཀྱིས་གེ་སར་སྒྲུང་ལ་མྱོང་རོལ་བྱེད་པ་དང་། གེ་སར་སྒྲུང་སྲུང་སྐྱོབ་དང་རྒྱུན་འཛིན།   དྲིལ་སྒྲོག  དར་སྤེལ་བཅས་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་སྐུལ་མ་བཏང་བ་རེད།