གསར་འགོད་པས་ཟླ་བརྒྱད་པའི་ཚེས་གཉིས་ཉིན་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། 2021ལོའི་རྒྱལ་ཡོངས་ཞིང་སྡེའི་ཁྱད་ལྡན་ཐོན་རྫས་དང་ལག་ཤེས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ས་ཁུལ་ལཱ་མུའུ་ཐའེ་སྡེ་བའི་ལྕ་བ་སོགས་ཞིང་སྡེའི་ཁྱད་ལྡན་ཐོན་རྫས་ཉེར་དྲུག་དང་སུའུ་ཞའོ་ལིས་སོགས་ལག་ཤེས་པ་དགུ་དེའི་ཁྲོད་ཚུད། དེའི་ཁྲོད། ཁྱད་ལྡན་འདེབས་འཛུགས་ཐོན་རྫས་བདུན་དང་། ཁྱད་ལྡན་གསོ་སྤེལ་ཐོན་རྫས་ལྔ། ཁྱད་ལྡན་ཐོན་རྫས་ཟས་རིགས་དགུ ཁྱད་ལྡན་བཟོ་རྩལ་ཐོན་རྫས་ལྔ་བཅས་འདུ།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྡེའི་ཁྱད་ལྡན་ཐོན་ཁུངས་དང་རིག་གནས་ལ་རྐང་བཙུགས་པ་དང་། རིགས་ཉུང་དང་སྣ་མང་རང་བཞིན་གྱི་ཞིང་སྡེ་ཁྱད་ལྡན་ཐོན་ལས་དང་། དམངས་ཁྲོད་ཁྱད་ལྡན་ལག་ཤེས་བཟོ་ལས་དང་ཁྱད་ལྡན་རིག་གནས་ཐོན་ལས་མྱུར་དུ་འཕེལ་རྒྱས་སུ་བཏང་ལ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཞིང་སྡེའི་ཁྱད་ལྡན་ཐོན་རྫས་སྐོར་ཞིག་གསར་སྤེལ་བྱས་པ་དང་། ཞིང་སྡེའི་ཁྱད་ལྡན་ཚོང་རྟགས་བསྐྲུན་ནས། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་ཀྱི་འཕར་སྣོན་སྣེ་གལ་ཆེན་གྲུབ་པར་བྱས། 2019ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་འཕྲོ་རིམ་འཕྲོར་རྒྱལ་ཡོངས་ཞིང་སྡེའི་ཁྱད་ལྡན་ཐོན་རྫས་དང་ལག་ཤེས་པ་འདེམ་སྒྲིག་ངོ་སྤྲོད་བྱ་བ་སྤེལ་བ་དང་། ཞིང་ལས་ཞིང་སྡེ་པུའུ་ཞིང་སྡེ་ཐོན་ལས་འཕེལ་རྒྱས་ཟི་ལ་བསྡོམས་པས་ཁྱད་ལྡན་འདེབས་གསོ་ཐོན་རྫས་དང་ཁྱད་ལྡན་ཟས་རིགས། ཁྱད་ལྡན་ལས་ཤེས་བཟོ་ལས་ཐོན་རྫས། ཞིང་སྡེའི་ལག་ཤེས་པ་བརྒྱ་ལྷག་ངོ་སྤྲོད་བྱས། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་ཁྱད་ལྡན་ཐོན་རྫས་དང་ལག་ཤེས་པ་ང་དགུ་རྒྱལ་ཡོངས་ཀྱི་མིང་ཐོའི་ནང་ཚུད་པ་དང་། དེའི་ཁྲོད། ཁྱད་ལྡན་འདེབས་འཛུགས་ཐོན་རྫས་བཅུ་བཞི་དང་། ཁྱད་ལྡན་གསོ་སྤེལ་ཐོན་རྫས་བརྒྱད། ཁྱད་ལྡན་ཟས་རིགས་བཅུ་གསུམ། ཁྱད་ལྡན་ལག་བཟོས་ཐོན་རྫས་བཅུ། ལག་ཤེས་ཅན་མི་བཅུ་བཞི་བཅས་ཡོད།
རིན་ཆེན་མཚོས་བསྒྱུར།