མཚོ་སྔོན་གྱིས་གདན་ཞུ་ལམ་ལུགས་ཀྱི་གཞུང་ཞབས་པ་བསྡུ་བའི་བྱ་བ་སྤེལ།
2022.08.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་བརྒྱད་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་གཞུང་ཞབས་ཅུའུ་ཡིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས2022ལོའི་མཚོ་སྔོན་ཞིང་ཆེན་གྱིས་ཡོངས་ཁྱབ་ཏུ་གདན་ཞུ་ལམ་ལུགས་ཀྱི་གཞུང་ཞབས་པ་བསྡུ་བའི་སྤྱི་བསྒྲགས་འགྲེམ་སྤེལ་བྱས་ནས། 2022ལོའི་གདན་ཞུ་ལམ་ལུགས་ཀྱི་གཞུང་ཞབས་པ་ཡོངས་ཁྱབ་ཏུ་བསྡུ་བའི་བྱ་བ་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་གྲོང་ཁྱེར་དང་ཁུལ་ལྔ་དང་ཞིང་ཆེན་སྤྱི་བདེ་ཐིན་བཅས་ཀྱིས་བསྡོམས་པས་ལས་རྐང་བཅུ་གཉིས་སྟེང་མི་བསྡུ་རྒྱུ་ཡིན་པ་དང་། དེའི་ཁྲོད་གྲོང་གསེབ་འཛུགས་སྐྲུན་དང་ལས་གཞི་ཇུས་འགོད། སེམས་ཁམས་བདེ་ཐང་། དངོས་ཁམས་དང་རྫས་འགྱུར་རིག་པའི་ཞིབ་དཔྱད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དྲ་རྒྱའི་བདེ་འཇགས། འགྲིམ་འགྲུལ་བདེ་འཇགས། ཁྲིམས་དཔྱད་སྨན་པ། ཆ་འཕྲིན་ཅན་སོགས་ཆེད་ལས་དགུ་འདུ། མི་བསྡུ་བྱ་བ་དེ་མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར། རྒྱུགས་ལེན། ཞིབ་དཔྱད་ལུས་དཔྱད། ཡོངས་བསྒྲགས་མཆན་འགོད། གདན་ཞུའི་འགྲོ་ལུགས་སྒྲུབ་པ་སོགས་ཀྱི་གོ་རིམ་ལྟར་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ད་ལོའི་ལོ་མཇུག་བར་དུ་མི་བསྡུའི་བྱ་བ་སྣ་ཚོགས་ཡོངས་འགྲུབ་བྱ་རྩིས་ཡོད།

རིན་ཆེན་མཚོས་བསྒྱུར།