མཚོ་སྔོན་དུ་གདགས་གཤིས་ཅན་གྱི་ནད་པ་བཅུ་བདུན་བྱུང་།
2022.08.15 ཁུངས། ཀློག་གྲངས། 31

ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་གྱི་དགུང་མོའི་བདུན་དང་སྐར་མ་སུམ་ཅུའི་སྟེང་དུ། མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་འགོག་སྡོམ་བཀོད་འདོམས་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། གསར་འགོད་པས་ཚོགས་ཐོག་ཏུ་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔའི་བར་དུ། གྲོང་ཁྱེར་དང་ཁུལ་ལྔ་དང་། རྫོང་བརྒྱད་དུ་གདགས་གཤིས་ཅན་གྱི་ནད་པ་བཅུ་བདུན་བྱུང་ལ། དེ་དག་ནི་མཚོ་ནུབ་ཁུལ་ཚ་འདམ་གཞོང་དུ་ནད་པ་གསུམ་དང་། ཏུའུ་ལན་དུ་ནད་པ་གསུམ། གཏེར་ལན་ཁ་རུ་ནད་པ་གཉིས། ན་གོར་མོ་རུ་ནད་པ་གཅིག  མཚོ་ལྷོ་་ཁུལ་གུང་ཧོ་རྫོང་དུ་ནད་པ་བཞི། མཚོ་ཤར་ཁུལ་མིན་ཧི་རྫོང་དུ་ནད་པ་གཅིག   རྨ་ལྷོ་ཁུལ་ཐིན་རིན་གྲོང་ཁྱེར་དུ་ནད་པ་གཉིས། ཡུས་ཧྲུའུ་གྲོང་ཁྱེར་དུ་ནད་པ་གཅིག་བཅས་ཡིན།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།