མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ་ཚད་རིམ་ལྔ་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་།
2022.08.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

མཚོ་སྔོན་ཞིང་ཆེན་ས་ཡོམ་རྟོག་དཔྱོད་སྟེགས་བུའི་ཡུས་ཧྲུའུ་ས་ཡོམ་རྟོག་དཔྱོད་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་ཉི་ཤུའི་སྟེང་དུ། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ་ཚད་རིམ་ལྔ་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་བ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་བཅུ་རེད།

ས་ཡོམ་བྱུང་རྗེས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འཕྲལ་བསྟུན་དོ་དམ་ཅུའུ་དང་ཡུས་ཧྲུའུ་ཁུལ་ས་ཡོམ་ཅུའུ་ཡིས་རྫ་སྟོད་རྫོང་འཕྲལ་བསྟུན་དོ་དམ་ཅུའུ་ལ་འབྲེལ་གཏུག་བྱས་ཏེ་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ན། ཐེངས་འདིའི་ས་ཡོམ་བྱུང་ཡུལ་ནི་མི་མེད་ལུང་སྟོང་ས་ཁུལ་ཡིན་པའི་དབང་གིས། རྫོང་མཁར་དང་ཡུལ་ཚོ་དང་གྲོང་རྡལ་གྱི་མི་སྣ་ཅུང་འདུས་སྡོད་ཆེ་སར་ས་འགུལ་བའི་ཚོར་བ་ཆེན་པོ་མ་བྱུང་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།