ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ། (ཨང133པ)
2022.08.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ། (ཨང133པ)

ཟི་ལིང་གྲོང་ཁྱེར་གྱིས་ཟླ8པའི་ཚེས15ཉིན་སྤེལ་བའི་གྲོང་ཁུལ་གཙོ་བོ་དང་། ཧོང་ཀྲུང་ས་ཁུལ་རུ་གསར་གྲོང་རྡལ་དང་མདོ་བ་དུམ་ཁུལ། རྟ་ཐང་རྫོང་ཆའོ་ཐི་གྲོང་རྡལ། སྟོང་སྐོར་རྫོང་ཁྲིན་ཀོན་གྲོང་རྡལ་བཅས་ཀྱི་མི་ཡོངས་ལ་ཉིང་སྐྱུར་བརྟག་འཇལ་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས་པ་དང་། བསྡོམས་པས་མི་ས་ཡ་གཅིག་དང་འབུམ་དགུ་ཁྲི་གཉིས་སྟོང་བདུན་བཞི་བརྒྱ་ལ་ཉིང་སྐྱུར་བརྟག་འཇལ་བྱས་པ་དང་། ཉིང་སྐྱུར་བརྟག་འབྲས་ཚང་མ་སྲིབ་གཤིས་རེད།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།

                                                                                                 2022ལོའི་ཟླ8པའི་ཚེས16ཉིན།