ཟི་ལིང་དུ་ནད་རྟགས་མེད་པའི་པྲོག་གསར་ནད་པ7བྱུང་།
2022.08.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ། (ཨང135པ)

2022ལོའི་ཟླ8པའི་ཚེས16ཉིན་གྱི་ཆུ་ཚོད8ནས24བར། ཟི་ལིང་གྲོང་ཁྱེར་དུ་གཅིག་བསྡུས་ལོག་བཀར་འགོག་སྡོམ་མི་སྣའི་ཁྲོད་དུ་པྲོག་གསར་ནད་དུག་གདགས་གཤིས་ཅན7ཤེས་རྟོགས་བྱུང་ཞིང་། (དེའི་ཁྲོད་མི6ནི་བོད་ལྗོངས་ནས་ཟི་ལིང་དུ་ཡོང་བའི་མི་ཡིན། མི1ནི་ན་གོར་མོ་ནས་ཟི་ལིང་དུ་ཡོང་བའི་མི་ཡིན།)ད་ལྟ་གཏན་འཁེལ་སྨན་ཁང་དུ་བསྐྱལ་ཡོད་ལ། འབྲེལ་ཡོད་གནས་ཚུལ་བསྒྲགས་པ་གཤམ་གསལ་ལྟར་ཡིན།

གདགས་གཤིས་ཅན་གྱི་ནད་པའི་གནས་ཚུལ།

གདགས་གཤིས་ཅན་གྱི་ནད་པ་དང་པོ། བོད་ལྗོངས་ནས་ཟི་ལིང་དུ་ཡོང་བའི་མི་སྣ་ཡིན་ལ། ཟླ8པའི་ཚེས14ཉིན། མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་བརྡ་ཁྱབ་བཏང་བའི་གདགས་གཤིས་ཅན་གྱི་ནད་པ་དང་འབྲེལ་བ་དམ་ཟབ་བྱུང་མཁན་ཡིན། ཟླ8པའི་ཚེས12ཉིན། ལྷ་ས་ནས་ཟི་ལིང་བར་གྱི་མེ་འཁོརY976ལ་བསྡད་ནས། ཚེས13ཉིན་གྱི་ཆུ་ཚོད8:30སྟེང་ཟི་ལིང་མེ་འཁོར་ས་ཚིགས་སུ་འབྱོར་བ་དང་། དེ་ནས་གཅིག་བསྡུས་ལོགས་བཀར་ས་ཚིགས་སུ་བསྐྱལ། ཟླ8པའི་ཚེས13དང14། 15ཉིན་གྱི་ཉིང་སྐྱུར་བརྟག་ འབྲས་སྲིབ་གཤིས་ཡིན་ལ། ཚེས16ཉིན་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་རེད། ནད་རྟགས་མེད་པའི་ནད་པར་གཏོགས།

གདགས་གཤིས་ཅན་གྱི་ནད་པ་གཉིས་པ་དང་གསུམ་པ། བཞི་པ་བཅས་ནི་ཤ་ཉེའི་འབྲེལ་བ་ཡིན། བོད་ལྗོངས་ནས་ཟི་ལིང་དུ་ཡོང་བའི་མི་སྣ་ཡིན་ལ། ཟླ8པའི་ཚེས14ཉིན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་གིས་བརྡ་ཁྱབ་བཏང་བའི་གདགས་གཤིས་ཅན་གྱི་ནད་པ་དང་འབྲེལ་བ་དམ་ཟབ་བྱུང་མཁན་ཡིན། ཟླ8པའིཚེས12ཉིན།   ལྷ་ས་ནས་ཟི་ལིང་བར་གྱི་མེ་འཁོརY976ལ་བསྡད་ནས། ཚེས13ཉིན་གྱི་ཆུ་ཚོད8:30སྟེང་ཟི་ལིང་མེ་འཁོར་ས་ཚིགས་སུ་འབྱོར་བ་དང་། དེ་ནས་གཅིག་བསྡུས་ལོགས་བཀར་ས་ཚིགས་སུ་བསྐྱལ། ཟླ8པའི་ཚེས13དང14།15ཉིན་གྱི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡིན་ལ། ཚེས16ཉིན་གྱི་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་རེད། ནད་རྟགས་མེད་པའི་ནད་པར་གཏོགས།

གདགས་གཤིས་ཅན་གྱི་ནད་པ་ལྔ་པ། ན་གོར་མོ་ནས་ཟི་ལིང་དུ་ཡོང་བའི་མི་སྣ་ཡིན་ལ། ཟླ8པའི་ཚེས13ཉིན་རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་གྱིས་བརྡ་ཁྱབ་བཏང་བའི་གདགས་གཤིས་ཅན་གྱི་ནད་པ་དང་འབྲེལ་བ་དམ་ཟབ་བྱུང་མཁན་ཡིན། ཟླ8པའི་ཚེས12ཉིན། ན་གོར་མོ་རུ་ལྷ་ས་ནས་ཟི་ལིང་བར་གྱི་མེ་འཁོརY978ལ་བསྡད་ནས། ཆུ་ཚོད22:24སྟེང་ཟི་ལིང་མེ་འཁོར་ས་ཚིགས་སུ་འབྱོར་བ་དང་། དེ་ནས་གཅིག་བསྡུས་ལོགས་བཀར་ས་ཚིགས་སུ་བསྐྱལ། ཟླ8པའི་ཚེས13དང14།15ཉིན་གྱི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡིན་ལ། ཚེས16ཉིན་གྱི་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་རེད། ནད་རྟགས་མེད་པའི་ནད་པར་གཏོགས།

གདགས་གཤིས་ཅན་གྱི་ནད་པ་དྲུག་པ་དང་བདུན་པ་ནི་ཤ་ཉེའི་འབྲེལ་བ་ཡིན། བོད་ལྗོངས་ནས་ཟི་ལིང་དུ་ཡོང་བའི་མི་སྣ་ཡིན་ལ། ཟླ8པའི་ཚེས13ཉིན་བོད་ལྗོངས་མངའ་རིས་ས་ཁུལ་ནས་རང་གི་རླངས་འཁོར་བསྐོར་ཏེ་ལམ་ལ་ཆས་ཤིང་། ཟླ8པའི་ཚེས14ཉིན་གྱི་ཆུ་ཚོད23:00སྟེང་ཟི་ལིང་དུ་འབྱོར་ཏེ་རང་ཁྱིམ་དུ་ལོག་བཀར་བྱས། ཚེས16ཉིན་གྱི་ཆ་ཚོད9:30སྟེང་གཅིག་བསྡུས་ལོགས་བཀར་ས་ཚིགས་སུ་བསྐྱལ། ཚེས16ཉིན་གྱི་ཆུ་ཚོད20:40སྟེང་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་མངོན་ཞིང་། ནད་རྟགས་མེད་པའི་ནད་པར་གཏོགས།

གོང་གི་གདགས་གཤིས་ཅན་གྱི་མི་སྣ་དང་མེ་འཁོར་གཅིག་ཡིན་པའི་འབྲེལ་བ་དམ་ཟབ་བྱུང་མཁན་དག་གཅིག་བསྡུས་ལོགས་བཀར་ས་ཚིགས་སུ་བསྐྱལ་ཡོད།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།

2022ལོའི་ཟླ8པའི་ཚེས17ཉིན།