གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2022ལོའི་ཟླ8པའི་ཚེས15ཉིན་གྱི་ཆུ་ཚོད17ནས་ཟླ8པའི་ཚེས16ཉིན་གྱི་ཆུ་ཚོད11བར་དུ། གུང་ཧོ་རྫོང་དུ་པྲོག་གསར་གློ་ཚད་གདགས་གཤིས་མི་སྣ3གསར་དུ་འཕར་ཡོད་ལ། མིག་སྔའི་བར་མཚོ་ལྷོ་ཁུལ་དུ་པྲོག་གསར་གློ་ཚད་གདགས་གཤིས་མི་སྣ10ཤེས་རྟོགས་བྱུང་ཡོད་པ་རེད།
གདགས་གཤིས་མི་སྣ8པ། མོ། ལོ34། གདགས་གཤིས་མི་སྣ1པའི་བུའི་མནའ་མ་ཡིན།
གདགས་གཤིས་མི་སྣ9བ། ཕོ། ལོ50། ནད་རྟགས་མི་མངོན་པའི་ནད་པ་4བའི་ཨ་ཕ་ཡིན།
གདགས་གཤིས་མི་སྣ10བ། མོ། ལོ70། ནད་རྟགས་མི་མངོན་པའི་ནད་པ་4བའི་རྨོ་བོ་ཡིན།
གོང་གསལ་གསར་བྱུང་གདགས་གཤིས་མི་སྣ3པོ་གཅིག་སྡུད་ལོགས་བཀར་བྱ་ཡུལ་དུ་དོ་དམ་ཚོད་འཛིན་བྱས་པའི་གཙོ་གནད་མི་སྣའི་ཁྲོད་ཤེས་རྟོགས་བྱུང་ལ། མིག་སྔར་གདགས་གཤིས་མི་སྣ3པོ་གནས་གཏན་འཁེལ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཅིང་། དེ་དང་ཆབས་ཅིག་བརྒྱུད་ལམ་འབྱུང་ཁུངས་རྩད་གཅོད་སོགས་ཀྱི་འབྲེལ་ཡོད་བྱ་བ་སྒྲུབ་བཞིན་པའི་སྒང་ཡིན། གཞན་ཡང་། ཟླ8པའི་ཚེས15ཉིན་གུང་ཧོ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ11གི་མི་སྣ་ཡོངས་ལ་རེབ་དང་པོའི་ཉིང་སྐྱུར་བརྟག་འཇལ་བྱས་ཏེ་ཁྱོན་མ་དཔེ75476བླངས་ཤིང་ཚང་མ་སྲིབ་གཤིས་རེད།
གུང་ཧོ་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།
2022ལོའི་ཟླ8པའི་ཚེས17ཉིན།