མཚོ་སྔོན་ཞིང་ཆེན་གྱིས་ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། ཆེད་ལས་ལག་རྩལ་མི་སྣ་ང་གཅིག་གིས་གྲུབ་པའི་སྨན་བཅོས་རུ་ཁག་མངག་སྟེ། བོད་རང་སྐྱོང་ལྗོངས་སུ་རིམས་འགོག་བྱ་བར་རོགས་སྐྱོར་བྱེད་དུ་སོང་།
ཉིན་དེའི་ཕྱི་དྲོར། རང་ཞིང་གི་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ནས་འཇོན་མི་སྐོང་འཐེན་བྱས་ཏེ་མཚོ་སྔོན་གྱིས་བོད་ལྗོངས་ཀྱི་རིམས་འགོག་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་རྩ་འཛུགས་བྱས་ཏེ་བོད་རང་སྐྱོང་ལྗོངས་སུ་སོང་། ཁོ་ཚོས་བོད་ལྗོངས་ཀྱི་རིམས་ནད་འགོག་བཅོས་བྱ་བར་རོགས་སྐྱོར་བྱེད་རྒྱུ་རེད། དེའི་ནང་ནད་ཐོག་ཆེད་ལས་པ་མི་བཅུ་གཅིག་དང་། ནད་སྐྱོང་ཆེད་ལས་པ་མི་ཉེར་ལྔ། ཞིབ་བཤེར་ཆེད་ལས་པ་མི་བཅུ། འགོས་ནད་དོ་དམ་ཆེད་ལས་པ་ལྔ་བཅས་འདུས། སྨན་བཅོས་རུ་ཁག་བོད་ལྗོངས་སུ་འབྱོར་རྗེས་ས་དེའི་བཀོད་འདོམ་པུའུ་ཡི་བཀོད་སྒྲིག་ལྟར་འབྲེལ་ཡོད་བྱ་བ་སྤེལ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། སྨན་བཅོས་རུ་ཁག་གི་མི་མང་བོར་ཡུལ་དངོས་རིམས་འགོག་གི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད། རུ་མི་རྣམས་ཀྱིས་བསྟན་དོན། རིམས་ནད་ཀྱི་མདུན་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་པ་ནི་སྨན་བཅོས་མི་སྣའི་ལྡོག་ཏུ་མེད་པའི་འགན་འཁྲི་ཡིན། ཁོ་ཚོས་དཀའ་ཁག་ཁྱད་བསལ་བྱས་ཏེ་ནུས་པ་གང་ཡོད་ཀྱིས་བོད་ལྗོངས་ཀྱི་རིམས་འགོག་བྱ་བར་རོགས་སྐྱོར་ཐུབ་པར་ཡིད་ཆེས་དང་ཆོད་སེམས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།