མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་རིག་གནས་ཁྱབ་ཁོངས་ཀྱི་སྐོར་དང་པོ་བཞིའི་འཇོན་མིའི་ཆེད་དོན་གསབ་སྦྱོང་འཛིན་གྲྭ་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་བདུན་ཉིན་བར་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་། ཀྲེ་ཅང་སློབ་ཆེན་ནས་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་རིག་གནས་ཁྱབ་ཁོངས་ཀྱི་རིག་གཞུང་ལས་རིགས་དང་། གསར་འགྱུར་ལས་རིགས། པར་སྐྲུན་ལས་རིགས། རིག་རྩལ་ལས་རིགས་སོགས་ཀྱི་སྐོར་དང་པོ་བཞིའི་འཇོན་མི་དང་འཇོན་མིའི་བྱ་བའི་དོ་དམ་མི་སྣ་བཅས་མི་ལྔ་བཅུ་གསབ་སྦྱོང་ལ་ཞུགས།
ཐེངས་འདིའི་ཆེད་དོན་གསབ་སྦྱོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན། དེ་མིན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་བཅས་ལ་སློབ་སྦྱོང་ལག་ལེན་བྱེད་པ་བརྗོད་སྙིང་དུ་བཟུང་ཡོད། ཀྲེ་ཅང་ཞིང་ཆེན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་ཞིབ་འཇུག་ལྟེ་གནས་དང་། ཀྲེ་ཅང་སློབ་ཆེན། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་སོགས་ཀྱི་ཆེད་མཁས་པ་དང་མགོ་ཁྲིད་ལས་བྱེད་པས་སློབ་ཁྲིད་བྱས། གསབ་སྦྱོང་འཛིན་གྲྭའི་ནང་དོན་ཐད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གཞུང་ལུགས་མཛུབ་སྟོན་འབུར་དུ་ཐོན་པར་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་དང་ཏང་གཤིས་སློབ་གསོ། འདུ་ཤེས་འཛིན་སྟངས་ཀྱི་བྱ་བ། རིག་གནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་སོགས་ཀྱི་ནང་དོན་ལ་ཁྱབ་ཡོད། གསབ་སྦྱོང་གི་རྣམ་པས་ཐད་ནས་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པ་གཙོར་བཟུང་སྟེ། ཆེད་དོན་འཆད་ཁྲིད་དང་ཡུལ་དངོས་སློབ་ཁྲིད། བགྲོ་གླེང་བརྗེ་རེས། ཡུལ་དངོས་དང་དྲ་ཐོག་སོགས་ཀྱི་བྱེད་ཐབས་མང་བོ་སྤྱད་ཡོད་ལ། གསབ་སྦྱོང་གི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་དྲག་ཏུ་བཏང་ནས། སློབ་མ་དག་ལ་བསམ་བློའི་ཁྲིད་སྟོན་དང་ཆབ་སྲིད་ཀྱི་ཁྲིད་སྟོན་གང་ལེགས་བྱས།
ཐེངས་འདིའི་གསབ་སྦྱོང་ལས་སློབ་མ་ཚོར་ཕན་འབྲས་མི་དམན་པ་ཐོབ་ཡོད་ཅིང་། སློབ་མ་ཚོས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་བྱང་ཚད་དང་བསམ་བློའི་གོ་རྟོགས། མཐོང་རྒྱ་བཅས་མཐོར་འདེགས་བྱས་ཡོད་པ་དང་། ཟོལ་མེད་ཀྱིས་ལས་འགན་ཁུར་དུ་ལེན་པའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ཇེ་དྲག་ཏུ་བཏང་ཡོད། ལས་གནས་སུ་ཕྱིར་ལོག་རྗེས་རང་སྟེང་གི་ཁྱད་སྟོབས་དང་ཆེད་ལས་ཁྱད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་རིག་གནས་བྱ་བའི་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་ཕུལ་ནས། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།