ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ཡི་བརྡ་ཁྱབ། (ཨང141པ)
2022.08.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

2022ལོའི་ཟླ8པའི་ཚེས18ཉིན་གྱི་ཆུ་ཚོད0ནས24བར། ཟི་ལིང་གྲོང་ཁྱེར་དུ་གཅིག་བསྡུས་ལོགས་བཀར་དོ་དམ་མི་སྣའི་ཁྲོད་པྲོག་གསར་གློ་ཚད་གདགས་གཤིས་ཅན5བྱུང་ལ། གཏན་ཁེལ་སྨན་ཁང་དུ་བསྐྱལ་ཟིན། འབྲེལ་ཡོད་གནས་ཚུལ་གྱི་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གདགས་གཤིས་མི་སྣའི་གནས་ཚུལ།གདགས་གཤིས་མི་སྣ་ཨང་དང་པོ། བོད་ལྗོངས་ལྷ་ས་ནས་ཟི་ལིང་ལ་ཡོང་བའི་མི་སྣ་ཡིན། ཟླ8པའི་ཚེས12ཉིན་ལྷ་ས་ནས་ཟི་ལིང་ལ་བསྐྱོད་པའི་མེ་འཁོརY976བསྡད་དེ། ཚེས13ཉིན་གྱི་ཆུ་ཚོད8 :30སྟེང་ཟི་ལིང་མེ་འཁོར་འབབ་ཚིགས་སུ་འབྱོར་བ་དང་། དེ་ནས་གཅིག་བསྡུས་ལོགས་བཀར་ས་ཚིགས་སུ་བསྐྱལ། ཚེས18ཉིན་ཉིང་སྐྱུར་བརྟག་དཔྱད་བྱས་པར་བརྟག་འབྲས་གདགས་གཤིས་སུ་མངོན་ཞིང་ནད་རྟགས་མེད་པའི་ནད་པ་རེད།

གདགས་གཤིས་མི་སྣ་ཨང་གཉིས་པ། བོད་ལྗོངས་ལྷ་ས་ནས་ཟི་ལིང་ལ་ཡོང་བའི་མི་སྣ་ཡིན། ཟླ8པའི་ཚེས16ཉིན་ལྷ་ས་ནས་ཟི་ལིང་དུ་འཕུར་བའི་གནམང་གྲུTV9841ལ་བསྡད་དེ། ཆུ་ཚོད16 :10སྟེང་ཟི་ལིང་ཚའོ་ཅཱ་པའོ་གནམ་གྲུ་་འབབ་ཚིགས་སུ་འབྱོར་བ་དང་། དེ་ནས་གཅིག་བསྡུས་ལོགས་བཀར་ས་ཚིགས་སུ་བསྐྱལ། ཚེས18ཉིན་ཉིང་སྐྱུར་བརྟག་དཔྱད་བྱས་པར་བརྟག་འབྲས་གདགས་གཤིས་སུ་མངོན་ཞིང་ནད་རྟགས་མེད་པའི་ནད་པ་རེད།

གདགས་གཤིས་མི་སྣ་ཨང་གསུམ་པ་དང་བཞི་བ།ལྔ་པ་བཅས་ནི། གཉེན་ཉེའི་འབྲེལ་བ་རེད། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ནས་ཟི་ལིང་ལ་ཡོང་བའི་མི་སྣ་ཡིན། ཟླ8པའི་ཚེས15ཉིན་ནག་ཆུ་ནས་སྒེར་འཁོར་སྐོར་ཏེ་ལམ་ལ་ཆས། ཚེས17ཉིན་གྱི་ཆུ་ཚོད13:00སྟེང་ཟི་ལིང་ལ་འབྱོར་པ་དང་། དེ་ནས་གཅིག་བསྡུས་ལོགས་བཀར་ས་ཚིགས་སུ་བསྐྱལ། ཚེས18ཉིན་ཉིང་སྐྱུར་བརྟག་དཔྱད་བྱས་པར་བརྟག་འབྲས་གདགས་གཤིས་སུ་མངོན་ཞིང་ནད་རྟགས་མེད་པའི་ནད་པ་རེད།

གོང་བརྗོད་ནད་རྟགས་མེད་པའི་ནད་པ་དག་གི་འབྲེལ་འདྲིས་དམ་ཟབ་ཅན་དག་ཟི་ལིང་དུ་འབྱོར་རྗེས་དུས་ཐོག་ཏུ་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱས་ཡོད།

མིག་སྔར་རྒྱལ་ནང་དུ་དར་ཁྱབ་ཆེ་བའི་ཨོ་མེ་ཁི་རོང་གཞན་འགྱུར་དུག་ཕུང་ལ་ཁྱབ་ཤུགས་ཆེ་ཞིང་། ཁྱབ་ཚད་མགྱོགས་པ། ཁྱབ་སྟངས་མི་མངོན་པ་སོགས་ཀྱི་ཁྱད་ཆོས་སོགས་ལྡན་པས། རྒྱ་ཆེའི་མང་ཚོགས་ཀྱིས་རིམས་འགོག་བླང་བྱ་བརྩི་སྲུང་ནན་མོ་དང་རིམས་འགོག་དོ་དམ་ལ་གཞོགས་འདེགས་བྱས་ཏེ། དོན་མེད་དུ་ཕྱིར་མི་འགྲོ་ཞིང་འདུ་འཛོམས་མི་བྱེད་པ། དཀྲོག་གཏམ་ལ་མི་ཉན་པ། དཀྲོག་གཏམ་མི་བཤད་པར་ཁ་ལག་གཙང་མར་བཀྲུ་ཞིང་། རླུང་རྒྱུ་རུ་འཇུག་པ། རྨིད་གཅིག་གི་བར་ཐག་བཞག་ནས་རང་ཉིད་ཀྱི་འགོག་སྲུང་ལེགས་པོར་བྱེད་དགོས། ཚན་རིག་དང་མཐུན་པར་ཁ་ཐུམ་རྒྱག་པ་དང་དྲོད་འཇལ་ཨང་བཤེར་སོགས་ཀྱི་འགོག་སྲུང་རེ་བ་ལག་བསྟར་བཟང་པོ་བྱས་ཏེ།  བདེ་འཇགས་ཀྱི་བར་ཐག་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། གལ་སྲིད་ཚ་རྒྱས་པ་དང་ལུ་བ། མིད་པ་ན་བ། ཟུངས་ཟད་པ། སྣ་དབང་ཉམས་པ། ཕོ་བ་བཤལ་བ་སོགས་ཀྱི་ནད་རྟགས་བྱུང་ཚེ། དུས་ཐོག་ཏུ་ཁ་ཐུམ་བརྒྱབ་ནས་ཚ་བརྟག་སྨན་ཁང་དུ་ཕྱིན་ཏེ་སྨན་བཅོས་བྱ་དགོས།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ།2022ལོའི་ཟླ8པའི་ཚེས19ཉིན།