མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་བྱེད་པའི་ཉིན་མོ་ཐེངས་དྲུག་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ།
2022.08.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན།   གསར་འགོད་པས་མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་བྱ་བའི་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུན་ལོན་བྱུང་བ་ལྟར་ན།    ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན་ནི་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་དུ་འགྱུར་བ་སྔོན་འགོག་བྱེད་པའི་ཉིན་མོ་ཐེངས་དྲུག་པ་ཡིན་ལ།   ད་ལོའི་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་བྱེད་པའི་ཉིན་མོའི་བརྗོད་དོན་ནི་དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་བྱེད་པའི་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་ཅེས་པ་དེ་རེད།   མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ཞིབ་མོ་བྱས་ཏེ་དབང་བོ་སྐྱོན་ཅན་དུ་འགྱུར་བའི་ཉེན་ཁ་སྔོན་འགོག་བྱེད་པའི་ཐད་ཀྱི་ཤེས་བྱ་དང་ནུས་ཡོད་བྱེད་ཐབས་དྲིལ་སྒྲོག་དང་ཁྱབ་སྤེལ་བྱས་པ་དང་།    སྤྱི་དམངས་ཀྱི་དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་སེམས་ཤུགས་གཅིག་སྒྲིལ་གྱིས་དུས་རབས་གསར་པའི་དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་བྱེད་པའི་བྱ་བའི་རྣམ་པ་གསར་པ་བཏོད་པའི་ཐད་ཀྱི་སྣང་ཚུལ་བཟང་བོ་གྲུབ་པར་སྐུལ་འདེད་བཏང་།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་བྱེད་པའི་འགུལ་སྐྱོད་ཆེན་པོ་ལྔར་དམིགས་ནས་ཁོངས་གཏོགས་སྡེ་ཁག་རྩ་འཛུགས་བྱས་ཏེ་དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་དང་དབང་བོ་སྐྱོན་ཅན་གྱི་བདེ་ཐང་ཁམས་གསོའི་ཤེས་བྱའི་ཀློག་དེབ་དང་མཉམ་འབྲེལ་དྲ་རྒྱའི་གཞི་གྲངས་ཅན་གྱི་བརྩམས་ཆོས་སོགས་རྩོམ་འབྲི་དང་སྒྲིག་བཟོ་བྱས་པ་དང་།    མཁར་གྲོང་གི་སྡོད་དམངས་ལ་དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་བྱེད་པའི་ཤེས་བྱ་དྲིལ་སྒྲོག་ཤུགས་ཆེན་བྱས་པ་དང་ཁོ་ཚོས་བདེ་ཐང་ཁམས་གསོའི་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱས་ལ།  སྤྱི་ཚོགས་སྤྱི་དམངས་ཀྱི་བདེ་ཐང་དཔལ་ཡོན་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་སྟེ་རང་ཉིད་སྲུང་སྐྱོབ་ཀྱི་འདུ་ཤེས་དང་ནུས་པ་ཇེ་མཐོར་བཏང་།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རང་སྟེང་གི་བྱ་བའི་དོན་དངོས་དང་ཟུང་འབྲེལ་གྱིས་དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་དང་དབང་བོ་སྐྱོན་ཅན་གྱི་བདེ་ཐང་ཁམས་གསོ་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་པ་དང་།   བདེ་འཇགས་ཐོན་སྐྱེད་དང་ལས་རིགས་བདེ་ཐང་གི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ།   ནར་མ་སོན་པའི་མི་དང་ལོ་ལོན་རྒན་པ་དག་བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱི་དབང་གིས་དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་བྱེད་པར་ཤུགས་བསྣན་ཏེ་སྣ་མང་ཕུན་སུམ་ཚོགས་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་རྒྱུ་རེད།

                                                                                                                  ལྷ་མོ་ཚེ་རིང་གིས་བསྒྱུར།