མཚོ་སྔོན་ཞིང་ཆེན་གྱིས་ལས་གཞི་གལ་ཆེན་བརྒྱ་དང་དོན་ལྔ་ཡི་ཉེན་ཁ་དང་བྱུར་རྐྱེན་ལ་ཞིབ་བཤེར་བྱས།
2022.08.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཞོད་འགོག་རྒུད་སྐྱོབ་བྱ་བའི་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གཙོ་གནད་དུ་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་འཛུགས་སྐྲུན་ལས་གཞི་གལ་ཆེན་གྱི་ཉེན་ཁ་དང་བྱུར་རྐྱེན་ལ་ཞིབ་བཤེར་བྱས་ནས་ལས་གཞི་གལ་ཆེན་གྱིས་བདེ་འཇགས་ངང་ཞོད་དུས་བརྒལ་བར་འགན་སྲུང་བྱས།

ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དུས་ཚོད་དང་པོའི་ནང་བརྡ་ཐོ་བཏང་ནས་ལས་གཞི་གལ་ཆེན་བརྒྱ་དང་དོན་ལྔའི་འཕྲལ་བསྟུན་ཞོད་འགོག་དང་རིམས་ནད་འགོག་སྡོམ། བདེ་འཇགས་ཐོན་སྐྱེད་འགན་འཁྲི་དོན་འཁྱོལ་བྱེད་པ་སོགས་ཀྱི་ཕྱོགས་ནས་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་དང་། ཉེན་ཁར་འགོག་ཟོན་དང་ཉེན་ཁ་སྣ་ཚོགས་ལས་གཡོལ་ནས་འཛུགས་སྐྲུན་ལས་གཞི་འཆར་གཞི་ལྟར་སྤེལ་བར་འགན་སྲུང་བྱས།

ལས་གཞི་གལ་ཆེན་གྱི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཉེན་ཁ་ཞིབ་བཤེར་བྱ་བའི་ཆེད་དོན་འཛུབ་སྟོན་ཚན་ཆུང་བཙུགས་ནས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་ཟི་ལིང་གྲོང་ཁྱེར་གྱི་སྲིད་གཞུང་ལ་མཉམ་འབྲེལ་སྒོས་ཟི་ལིང་གྲོང་ཁྱེར་སྣ་འཛོམས་ཁྲལ་སྲུང་ས་ཁུལ་དང་ཟི་ལིང་གྲོང་ཁྱེར་གྱི་ཟས་རིགས་གད་སྙིགས་ཐག་གཅོད་དང་གད་སྙིགས་མེར་བསྲེག་གློག་འདོན། རྟ་ཐང་རྫོང་གི་པེ་ཁྲོན་བཟོ་ལས་གླིང་ཁུལ་གྱི་བཙོག་ཆུ་ཐག་གཅོད་བྱེད་ས་སོགས་ལས་གཞི་བཅུ་གཅིག་གི་འཛུགས་སྐྲུན་ཡུལ་དངོས་སུ་སོང་ནས་འཕྲལ་བསྟུན་ཞོད་འགོག་དང་རིམས་ནད་འགོག་སྡོམ། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་ཉེན་ཁ་དང་བྱུར་རྐྱེན་ལ་ཞིབ་བཤེར་བྱས།

མི་ཕམ་མགོན་པོས་བསྒྱུར།