ད་ལོའི་ཟླ་བདུན་པའི་ཟླ་མཇུག་བར་དུ་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་ཐེར་འབུམ་དྲུག་ལྷག་བཏང་ནས་གྲོང་གསེབ་དར་སྤེལ་བྱེད་པར་རོགས་འདེགས་བྱས།
2022.08.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་བདུན་པའི་ཟླ་མཇུག་བར་དུ། མཚོ་སྔོན་གྱིས་བསྡོམས་པས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་དྲུག་བྱེ་བ་ལྔ་བཏང་ནས། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་ས་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་སྒོས་འབྲེལ་མཐུད་བྱེད་པར་རྒྱབ་སྐྱོར་བྱས།

ད་ལོར། ཞིང་ཆེན་ནོར་སྲིད་ཐིན་གྱིས་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བ། མ་དངུལ་ལྟ་སྐུལ་དོ་དམ་ནུས་པ་ཇེ་ཆེར་གཏོང་བ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སྒོས་སྤྱད་པ་དང་། རྫོང་རིམ་པའི་ལས་གཞི་གྲ་སྒྲིག་བྱས་པ་མི་འདང་བ་དང་སྤུས་ཚད་མི་མཐོ་བ། དུས་སྐབས་སྔོན་མའི་བྱ་བ་རྗེས་སུ་ལུས་པ་སོགས་ཞན་ཆ་དང་མི་འདང་སར་དམིགས་ཏེ། ཞིང་ཆེན་རིམ་པའི་ངོས་ནས་མ་དངུལ་བགོ་བའི་སྒྲིག་གཞི་ལེགས་སྒྲིག་དང་འབྲེལ་མཐུད་བྱས་ནས། འབྲེལ་མཐུད་མ་དངུལ་གནད་འཁེལ་ངང་སྤྱོད་པར་རོགས་འདེགས་བྱས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་བྱེད་པའི་རོགས་སྐྱོར་རྫོང་གཙོ་བོར་དམིགས་བསལ་གྱིས་རྒྱབ་སྐྱོར་བྱས་པ་དང་། སྒོར་བྱེ་བ་གཉིས་དང་ས་ཡ་གསུམ་བཀོད་སྒྲིག་བྱས་ཏེ་རྒྱལ་ཁབ་ཀྱིས་མིང་བྱང་བཀལ་བའི་ལྟ་སྐུལ་འབད་འཐབ་རྫོང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཞིང་འབྲེལ་ཞིང་ཁྲིད་ཞིང་ཕྱུག་ཐོན་ལས་དང་ཞིང་སྡེའི་འཐུང་ཆུ་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་སོགས་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་རྨང་གཞི་སྒྲིག་ཆས་ཆུང་བའི་རིགས་འཛུགས་སྐྲུན་སོགས་གནད་འགག་ལས་རིམ་གཙོར་བཟུང་ནས། གཞི་ཁྱོན་རང་བཞིན་སྒོས་ཡང་བསྐྱར་དབུལ་ཕོངས་སུ་མི་འགྱུར་བར་འགན་སྲུང་བྱས།

ཞིང་ཆེན་ནོར་སྲིད་ཐིན་གྱིས་ད་དུང་ལྟ་སྐུལ་མཛུབ་སྟོན་དང་གསོ་སྦྱོང་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་པ་དང་། གྲོང་ཁྱེར་དང་རྫོང་རིམ་པའི་བྱེད་སྒོའི་རྐང་འཛིན་པ་འཐེན་ཏེ་མཉམ་འབྲེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཙུགས་ནས། རྫོང་རིམ་པའི་འབྲེལ་མཐུད་མ་དངུལ་དོ་དམ་བཀོལ་སྤྱོད་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། རྫོང་རིམ་པས་ཚད་ལྡན་དང་ནུས་ལྡན་སྒོས་བྱ་བ་སྒྲུབ་པར་སྐུལ་འདེད་བཏང་བ་དང་མཉམ་དུ་གྲོང་ཁྱེར་དང་རྫོང་རིམ་པའི་བྱེད་སྒོའི་རྐང་འཛིན་པའི་སྲིད་ཇུས་ཁོང་དུ་ཆུད་པ་དང་བཀོལ་སྤྱོད་ནུས་པ་མཐོར་འདེགས་སུ་བཏང་། མིག་སྔའི་བར་དུ། ཡུལ་དངོས་ལ་ལྟ་སྐུལ་མཛུབ་སྟོན་བྱས་ཚད་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་རྫོང་བཅུ་བདུན་ལ་ཁེབས་པར་བྱས་པ་དང་ཁེབས་ཚད་བརྒྱ་ཆའི་ཞེ་བཞི་ལ་སླེབས།

                                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།