མཚོ་སྔོན་གྱིས་ཇུས་གཞི་གཏན་འཁེལ་བྱས་ཏེ་རིག་དངོས་གསར་སྐྲུན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2022.08.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན། གསར་འགོད་པས་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གི་ལས་ཁུངས་དགུ་ཡིས་མཉམ་འབྲེལ་སྒོས་རིག་གནས་རིག་དངོས་ལས་ཁུངས་ཀྱིས་རིག་གནས་གསར་སྐྲུན་ཐོན་རྫས་གསར་སྤེལ་ལག་བསྟར་བྱེད་པའི་སྐོར་གྱི་ཇུས་གཞི་འགྲེམ་སྤེལ་བྱས་ཏེ། རང་ཞིང་གི་རིག་གནས་རིག་དངོས་ཐོན་ཁུངས་སྔོག་འདོན་བྱེད་པ་དང་། སྒྱུ་རྩལ་རང་བཞིན་དང་དངོས་བཀོལ་རང་བཞིན་ལྡན་པ་དང་དེང་རབས་འཚོ་བའི་དགོས་མཁོ་དང་མཐུན་པ། ཚོང་རའི་འཛད་སྤྱོད་དགོས་མཁོ་དང་འཚམ་པའི་རིག་གནས་གསར་སྐྲུན་ཐོན་རྫས་གསར་སྤེལ་བྱེད་པར་བཀོད་སྒྲིག་བྱས།

ཇུས་གཞི་ལས་བསྟན་དོན། རང་ཞིང་གིས་གཙོ་བོ་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་དང་དངོས་མང་བཤམ་སྟོན་ཁང་། ལིའུ་ཝུན་ཛོན་ལྡན་རྫ་ཆས་དངོས་མང་བཤམ་སྟོན་ཁང་སོགས་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཚོད་ལྟའི་ལས་ཁུངས་ཀྱིས་རིག་གནས་གསར་སྐྲུན་ཐོན་རྫས་གསར་སྤེལ་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་རིམ་པའི་རིག་གནས་རིག་དངོས་ལས་ཁུངས་ཀྱིས་རིག་གནས་གསར་སྐྲུན་ཐོན་རྫས་གསར་སྤེལ་ཚོད་ལྟའི་ལས་ཁུངས་གསོ་སྐྱོང་བྱེད་རྒྱུ་རེད། རིག་གནས་ཐོན་ཁུངས་ཀྱི་ནང་དོན་སྔོག་འདོན་བྱས་ཏེ། རང་ཞིང་གི་རིག་གནས་རིག་དངོས་ལས་ཁུངས་ཀྱི་དོན་དངོས་དང་མཐུན་པ་དང་དངོས་བཀོལ་རང་བཞིན་དང་ཁྱབ་གདལ་རིན་ཐང་དྲག་པོ་ལྡན་པའི་རིག་གནས་གསར་སྐྲུན་ཐོན་རྫས་རིམ་བཞིན་ཆགས་པར་བྱེད་པར་མ་ཟད་ཞིང་ཆེན་ཡོངས་ཀྱི་རིག་གནས་རིག་དངོས་ལས་ཁུངས་ཀྱིས་རིག་དངོས་གསར་སྐྲུན་ཐོན་རྫས་གསར་སྤེལ་བྱ་བ་ཁྱོན་ཡོངས་ནས་མཐོར་འདེགས་འགྲོ་བར་སྣེ་ཁྲིད་བྱེད་དགོས།

                                                                བཀྲ་ཤིས་འབུམ་གྱིས་བསྒྱུར།