ཟི་ལིང་མཁར་ཁུལ་གཙོ་བོ་རུ་སྤྱི་སྤྱོད་རླངས་འཁོར་རྒྱུག་མཚམས་འཇོག་པའི་བརྡ་ཁྱབ།
2022.08.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 29

ཟི་ལིང་མཁར་ཁུལ་གཙོ་བོའི་སྤྱི་སྤྱོད་རླངས་འཁོར་རྒྱུག་མཚམས་འཇོག་པའི་སྐོར་གྱི་བརྡ་ཁྱབ།

《ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་་བཀོད་འདོམས་པུའུ་ཡི་བརྡ་ཁྱབ(ཨང171པ)》ཡི་འབྲེལ་ཡོད་བླང་བྱ་ལྟར། རང་རེའི་གྲོང་ཁྱེར་ཁོངས་ཡོངས་ཀྱི་རླངས་འཁོར་འགོག་སྡོམ་གྱི་བྱ་བར་རམ་འདེགས་བྱེད་པ་དང་། རླངས་འཁོར་འཁོར་རྒྱུག་ལ་བརྟེན་ནས་རིམས་ནད་ཁྱབ་པའི་ཉེན་ཁ་འགོག་ཆེད།2022ལོའི་ཟླ8པའི་ཚེས29ཉིན་གྱི་ཞོགས་པའི་ཆུ་ཚོད6པ་ནས 2022ལོའི་ཟླ9པའི་ཚེས1ཉིན་གྱི་ཞོགས་པའི་ཆུ་ཚོད6པའི་བར་ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་གཙོ་བོའི་སྤྱི་སྤྱོད་རླངས་འཁོར་ཚང་མ་གནས་སྐབས་སུ་རྒྱུག་མཚམས་འཇོག་རྒྱུ་ཡིན། དེ་ལས་བྱུང་བའི་དཀའ་ཁག་ལ་བཟོད་གསོལ་ཞུ་རོགས།

འདིར་རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་ཡོངས་ཀྱིས་རང་སྲུང་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་གསལ་འདེབས་ཞུ་བ་དང་ཆབས་ཅིག  ཚང་མས་སྐད་འདི་ཕན་ཚུན་ལ་བརྒྱུད་སྒྲོག་བྱ་རོགས། ཁྱེད་ཅག་གིས་བསམ་ཤེས་བསྒོམ་པ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།

ཟི་ལིང་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཚོགས་སྒྲིལ་ཚད་ཡོད་འགན་འཁྲི་ཀུང་སི་ནས།

2022ལོའི་ཟླ8པའི་ཚེས29ཉིན།