མཚོ་སྔོན་གྱི་སྔོན་ཐོན་ཐུན་མོང་བརྒྱད་དང་སྔོན་ཐོན་མི་སྒེར་དགུ་ལ་རྒྱལ་ཡོངས་ཀྱི་ལྗང་སྒྱུར་གཟེངས་བསྟོད་ཐོབ།
2022.08.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་ནས་ཤེས་པའི་གནས་ཚུལ་ལྟར་ན། མིག་སྔར་རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་རྒྱལ་ཡོངས་ཀྱི་ལྗང་སྒྱུར་སྔོན་ཐོན་ཐུན་མོང་དང་ངལ་རྩོལ་དཔེ་ལེགས་ཅན། སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་བྱས་པའི་མིང་ཐོ་ཁྱབ་སྒྲོག་བྱས་པ་དང་། དེའི་ནང་དུ་རང་ཞིང་གི་བསྡོམས་པས་སྔོན་ཐོན་ཐུན་མོང་བརྒྱད་དང་སྔོན་ཐོན་མི་སྒེར་དགུ་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་ལ། རང་ཞིང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁོངས་ལྗང་སྒྱུར་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ནན་མོ་བྱས་ཏེ། ཆུ་དྭངས་རི་ལྗང་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་ཆགས་པར་བྱས་པ་དང་། རི་ཆུ་ནགས་གསུམ་དང་ཞིང་དང་མཚེའུ་རྩྭ་ས་བྱེ་ཐང་སོགས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ལ། དངོས་སྒྲུབ་ཁག་ཁུར་སྒོས་མེས་རྒྱལ་ལྗང་སྒྱུར་བྱེད་པའི་འགན་འཁྲི་དང་ལས་འགན་ལག་ལེན་བྱས་ནས། གྲུབ་འབྲས་མངོན་གསལ་ཐོབ་པ་དང་བྱས་རྗེས་འབུར་ཐོན་བཞག་པའི་སྔོན་ཐོན་དཔེ་ལེགས་ཅན་སྐོར་ཞིག་བྱུང་།

ཐེངས་འདིར་རྒྱལ་ཡོངས་ཀྱི་ལྗང་སྒྱུར་སྔོན་ཐོན་ཐུན་མོང་གི་བྱ་དགའ་ཐོབ་པའི་ལས་ཁུངས་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ས་ཅུའུ་དང་ཝུའུ་ལན་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ས་ཅུའུ། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ཁྲུའུ། མཚོ་སྔོན་ཞིང་ཆེན་ས་ཆུ་སྲུང་སྐྱོབ་ལྟེ་གནས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ས་ཅུའུ། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནགས་ལས་དང་རྩྭ་ས་ཅུའུ། མཚོ་སྔོན་རོགས་སྐྱོར་ལས་བྱེད་པའི་འཇོན་མིའི་དོ་དམ་ཞབས་ཞུའི་གཞུང་སྒྲུབ་ཁང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ནགས་ལས་དང་རྩྭ་ས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་བཅས་ཡིན། མཚོ་སྔོན་ཟི་ལིང་ཙོང་ཆུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་དོ་དམ་ཞབས་ཞུ་ལྟེ་གནས་ཀྱི་བཟོ་བ་ཞེ་ཧྲོན་པང་དང་མཚོ་སྔོན་ཞིང་ཆེན་རྨ་ཁོག་ནགས་ལས་ཅུའུ་ཡི་ནགས་སྲུང་པ་མཱ་ཞོ་ཅུན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འབྲོང་ལུང་དོ་དམ་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་བདེ་ཁང་། མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོའི་ལྗོངས་རྒྱུ་ས་ཁུལ་སྲུང་སྐྱོབ་བཀོལ་སྤྱོད་དོ་དམ་ཅུའུ་ཡི་དོ་སྲུང་པ་ཀླུ་མོ་མཚོ་བཅས་རྒྱལ་ཡོངས་ཀྱི་ལྗང་སྒྱུར་ངལ་རྩོལ་དཔེ་ལེགས་ཅན་ལ་བདམས་པ་དང་། མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ས་འཆར་འགོད་གླིང་གི་དགེ་རྒན་ཆེན་མོ་རིམ་པའི་བཟོ་སྐྲུན་དགེ་རྒན་ཝང་རོང་དང་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའུ་ཞབས་ཞུའི་འགན་སྲུང་ལྟེ་གནས་དང་པོའི་བཟོ་སྐྲུན་དགེ་རྒན་ལིས་ཐུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ས་ཅུའུ་རྩྭ་ས་ཁི་ཡི་ཁི་ཀྲང་ཅིན་ཝུན་ཀོས། མཚོ་ཤར་གྲོང་ཁྱེར་ནགས་ལས་ས་ཚིགས་ཀྱི་མཐོ་རིམ་བཟོ་སྐྲུན་དགེ་རྒན་རིན་ཧྲན་མེན། མདའ་བཞི་རྫོང་ནགས་ལས་ས་ཚིགས་ཀྱི་ཀྲུའུ་རིན་མཱ་ཝུན་ཧུའུ་བཅས་ལ་རྒྱལ་ཡོངས་ཀྱི་ལྗང་སྒྱུར་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་མཚན་སྙན་ཐོབ།

                                                                     བཀྲ་ཤིས་འབུམ་གྱིས་བསྒྱུར།