ཧྲན་ཏུང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་དོ་དམ་ཚན་ཁག་གིས་མཚོ་བྱང་ཁུལ་གྱི་རིམས་ནད་འགོག་སྡོམ་ཐད་རོགས་སྐྱོར་བྱས།
2022.08.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

རགས་རྩིས་བྱས་པ་ལྟར་ན། ཧྲན་ཏུང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་དོ་དམ་ཚན་ཁག་གིས་མ་དངུལ་དང་དངོས་ཟོག་མཐུན་སྦྱོར་བསྡུ་རུབ་བྱས་ཏེ་སྤྱིའི་རིན་གོང་སྒོར་ས་ཡ་ལྔ་དང་འབུམ་གསུམ་གྱིས་མཚོ་བྱང་ཁུལ་གྱི་རིམས་ནད་འགོག་སྡོམ་ཐད་རོགས་སྐྱོར་བྱས། དེའི་ནང་དུ་རིམས་འགོག་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་ལྔ་བྱིན་པ་དང་། ཀྲེ་ཅང་ཏུང་ཧྥང་གཞི་རྒྱུ་སྐྱེ་དངོས་སྨན་རྫས་ཚད་ཡོད་ཀུང་ཟིས་བྱིན་པའི་རིན་གོང་སྒོར་འབུམ་གཉིས་དང་ཁྲི་བཞི་སྟོང་གཉིས་ལྔ་བརྒྱ་ཡི་ཉིང་སྐྱུར་བརྟག་དཔྱད་ཀྱི་འབྲེལ་ཡོད་དངོས་རྫས་བྱིན།

མིག་སྔར་ཧྲན་ཏུང་ཞིང་ཆེན་གྱིས་བྱིན་པའི་རིན་གོང་སྒོར་ས་ཡ་གཅིག་གི་རིམས་འགོག་དངོས་རྫས་འཕྲོ་རིམ་འཕྲོར་རོགས་སྐྱོར་བྱེད་ཡུལ་དུ་འབྱོར་ལ། དེ་མིན་ཧྲན་ཏུང་ཞིང་ཆེན་གྱི་གྲོང་ཁྱེར་བཞིས་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་དོ་དམ་ཚན་ཆུང་ཧུར་ཐག་སྒོས་རིམས་ནད་འགོག་སྡོམ་ཁྲོད་ཞུགས། ཝེ་ཧེ་གྲོང་ཁྱེར་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་དོ་དམ་ཚན་ཆུང་གི་མི་སྣ་ཡོངས་རིམས་འགོད་བྱ་བའི་ཁྲོད་འབད་པས་ཞུགས་པ་དང་རིན་གོང་སྒོར་འབུམ་ལྔ་དང་ཁྲི་གཅིག་གི་རིམས་འགོག་དངོས་རྫས་ཀྱིས་རོགས་སྐྱོར་བྱས། ལིན་ཡེ་གྲོང་ཁྱེར་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་དོ་དམ་ཚན་ཆུང་གིས་རྩ་འཛུགས་བྱས་ནས་ཁེ་ལས་དང་སྤྱི་ཚོགས་ཚོགས་པ་བཅུ་གསུམ་གྱིས་ཧེ་ཡན་རྫོང་ལ་བསྡོམས་པས་རིན་གོང་སྒོར་འབུམ་གཅིག་དང་ཁྲི་གཅིག་སྟོང་ལྔ་ལྔ་བརྒྱ་ཡི་རིམས་འགོག་དངོས་རྫས་ཀྱིས་རོགས་སྐྱོར་བྱས། ལེའོ་ཁྲིན་གྲོང་ཁྱེར་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་དོ་དམ་ཚན་ཆུང་གིས་རྐང་ཚ་རྫོང་ལ་སྨན་པའི་འགོག་སྲུང་ལྭ་བ་སོགས་རིན་གོང་སྒོར་ས་ཡ་གཅིག་དང་སྟོང་བདུན་དགུ་བརྒྱ་ཡི་རིམས་འགོག་དངོས་རྫས་དང་ཁ་ཐུམ་ཁྲི་བརྒྱད་བསྡུ་རུབ་བྱས་པ་དང་རྐང་ཚང་རྫོང་དུ་འདྲུད་བཞིན་པའི་སྒང་རེད། པེན་ཀྲིག་གྲོང་ཁྱེར་གྱིས་མདོ་ལ་རྫོང་ལ་རིན་གོང་སྒོར་འབུམ་གཉིས་ཀྱི་རིམས་འགོག་དངོས་རྫས་ཀྱིས་རོགས་སྐྱོར་བྱས། དོ་དམ་ཚན་ཆུང་གིས་ཐེངས་རྗེས་མའི་རིམས་འགོག་རོགས་སྐྱོར་མ་དངུལ་དང་དངོས་རྫས་སྐོར་ཞིག་གི་རེ་ཞུ་ཕུལ་བ་དང་མིག་སྔར་བྱ་བ་དེ་སྒྲུབ་བཞིན་པའི་སྒང་ཡིན།

མི་ཕམ་མགོན་པོས་བསྒྱུར།