མཚོ་སྔོན་ཞིང་ཆེན་གྱིས་འཚོ་བའི་དངོས་རྫས་འགན་སྲུང་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་བཙུགས།
2022.08.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། མཚོ་སྔོན་གྱིས་འཚོ་བའི་དངོས་རྫས་འགན་སྲུང་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་བཙུགས་ཏེ། འཚོ་བའི་དངོས་རྫས་འགན་སྲུང་བྱ་བའི་ཁྲོད་དུ་གནས་པའི་གནད་དོན་མཐུན་སྦྱོར་སྒོས་ཐག་གཅོད་པ་དང་། དམངས་ཚིས་ཚོང་རྫས་གལ་ཆེན་ཚོང་རར་མཁོ་འདོན་གང་ལེགས་བྱེད་པར་འགན་སྲུང་བྱེད་པ། རིན་གོང་བརྟན་བརླིང་སྒོས་འཁོར་སྐྱོད་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱས།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འཚོ་བའི་དངོས་རྫས་འགན་སྲུང་བྱ་བ་སྔར་ལས་བཟང་བོར་བསྒྲུབ་ཆེད། ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ལ་ཡར་ཞུ་བྱས་ནས་འཐད་པ་བྱུང་བ་བརྒྱུད། མཚོ་སྔོན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཚོང་དོན་ཐིན་གྱིས་སྣེ་ཁྲིད་པ་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་འཕྲལ་བསྟུན་ཐིན། ཞིང་ཆེན་དང་གྲོང་ཁྱེར་གྱི་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ། རྒྱལ་ཁབ་འབྲུ་རིགས་དང་དངོས་རྫས་གསོག་འཇོག་ཅུའུ་མཚོ་སྔོན་ཅུའུ། ཞིང་ཆེན་སྦྲག་སྲིད་དོ་དམ་ཅུའུ། ཞིང་ཆེན་འབྲུ་རིགས་ཅུའུ། ཞིང་ཆེན་ནུས་ཁུངས་ཅུའུ་སོགས་ས་ཁུལ་དང་ལས་ཁུངས་ཉེར་བརྒྱད་ཁོངས་གཏོགས་ལས་ཁུངས་ཡིན་པའི་མཚོ་སྔོན་ཞིང་ཆེན་འཚོ་བའི་དངོས་རྫས་འགན་སྲུང་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་བཙུགས།

ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཁོངས་གཏོགས་ལས་ཁུངས་སོ་སོ་དང་མཉམ་དུ་གཞོགས་འདེགས་བྱ་བར་ཤུགས་སྣོན་ཞིང་མཉམ་ཤུགས་ཆགས་པར་བྱེད་པ་དང་། མཐུན་སྦྱོར་རྐྱེན་སྲོལ་ནུས་པ་མཉམ་དུ་འདོན་སྤེལ་བཟང་བོ་བྱེད་པ། རིམས་ནད་བྱུང་ཚད་ལ་ཡིད་འཇོག་ཆེན་པོ་བྱེད་པ། འཚོ་བའི་དངོས་རྫས་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་དཔག་ཉེན་བརྡ་གཏོང་བ་དང་ཐོན་རྫས་ཕྱིར་འཚོང་འབྲེལ་མཐུད་ལ་ཤུགས་སྣོན་པ། ཐོན་སྐྱེད་རྩ་འཛུགས་དང་ཚོང་རའི་མཁོ་འདོན་ནུས་པ་ཇེ་ཆེར་གཏོང་བར་མ་ཟད། ཧུར་ཐག་སྒོས་དངོས་རྒྱུགས་གེགས་མེད་ལ་འགན་སྲུང་བྱེད་པ་དང་། འཚོ་བའི་དངོས་རྫས་མཁོ་འདོན་འགན་སྲུང་བྱ་བ་བཟང་བོར་སྒྲུབ་ནས། སྡོད་དམངས་ཀྱི་རྒྱུན་ལྡན་འཚོ་བའི་དགོས་མཁོ་ཡོངས་སུ་སྐོང་བ་དང་སྤྱི་ཚོགས་ཀྱི་རྒྱུན་ལྡན་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་རྒྱུ་རེད།

                                                                                   བཀྲ་ཤིས་འབུམ་གྱིས་བསྒྱུར།