ཟི་ལིང་གྲོང་ཁྱེར་རིམས་འགོག་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།(ཨང178པ)
2022.08.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟི་ལིང་གྲོང་ཁྱེར་དུ་ནད་རྟགས་མེད་པའི་ནད་དུག་འགོས་མཁན21བྱུང་།

2022ལོའི་ཟླ8པའི་ཚེས30ཉིན་གྱི་ཆུ་ཚོད0ནས་ཆུ་ཚོད24བར་དུ། ཟི་ལིང་གྲོང་ཁྱེར་དུ་ནད་རྟགས་མེད་པའི་ནད་དུག་འགོས་མཁན21བྱུང་བ་རྣམས། གཏན་ཁེལ་བྱས་པའི་སྨན་བཅོས་ལས་ཁུངས་སུ་བསྐྱལ་བའི་གནས་ཚུལ་སྐོར་ནས་བརྡ་བཏང་བ་གཤམ་ལྟར།

ནད་རྟགས་མེད་པའི་ནད་དུག་འགོས་མཁན་གྱི་གནས་ཚུལ།

ནད་རྟགས་མེད་པའི་ནད་དུག་འགོས་མཁན1པ་ནས10པའི་བར། གཅིག་བསྡུས་ལོགས་བཀར་འགོག་སྡོམ་མི་སྣའི་ཁྲོད་ནས་ཤེས་རྟོགས་བྱུང་།

ནད་རྟགས་མེད་པའི་ནད་དུག་འགོས་མཁན11པ་ནས21པའི་བར། མི་ཡོངས་ལ་ཉིང་སྐྱུར་བཤེར་འཇལ་བྱེད་དུས་ཤེས་རྟོགས་བྱུང་།

གོང་གི་ནད་རྟགས་མེད་པའི་ནད་དུག་འགོས་མཁན་ལ་འབྲེལ་འདྲིས་ཟབ་མོ་བྱུང་མཁན་རྣམས་ལ་དུས་མཉམ་དུ་འགོག་སྡོམ་བྱེད་ཐབས་སྤྱད་ཡོད།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།

2022ལོའི་ཟླ8ཚེས31ཉིན།