མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་རིམས་ནད་འགོག་སྡོམ་དང་ཞིང་ཕྱུགས་ལས་ཐོན་སྐྱེད་བྱ་བར་གཅིག་གྱུར་འཆར་འགོད་བཟང་བོ་བྱས།
2022.08.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན།   གསར་འགོད་པས་མཚོ་ནུབ་ཁུལ་ཞིང་ཕྱུགས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་སྲ་བརྟན་དུ་གཏོང་ཆེད།   མཚོ་ནུབ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བཟང་བོ་བྱེད་པ་དང་དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པ།   འཕེལ་རྒྱས་བདེ་འཇགས་ཡོང་བར་བྱེད་པའི་བླང་བྱ་གལ་ཆེན་གཟབ་ནན་གྱིས་ལག་བསྟར་དོན་འཁྱོལ་བྱས་པ་དང་།   བྱེད་ཐབས་སྣ་མང་སྤྱད་དེ་རོང་འབྲོག་ཁུལ་གྱི་རིམས་ནད་འགོག་སྡོམ་དང་ཞིང་ཕྱུགས་ལས་ཐོན་སྐྱེད་བྱ་བར་གཅིག་གྱུར་འཆར་འགོད་བཟང་བོ་བྱས།

མཚོ་ནུབ་ཁུལ་གྱིས་ས་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་ལ་རིམས་ནད་འགོག་སྡོམ་དང་སྟོན་དུས་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་བྱ་བར་གཅིག་གྱུར་འཆར་འགོད་བཟང་བོ་བྱེད་པའི་སྐོར་གྱི་བརྡ་ཐོ་པར་འགྲེམས་བྱས་ཏེ་བྱ་བ་གཙོ་བོ་སྔར་ལས་གཏན་འཁེལ་གསལ་བོ་བྱས་པ་དང་བྱ་བའི་འགན་འཁྲི་ཇེ་ཞིབ་ཏུ་བཏང་ལ། བྱ་བའི་བླང་བྱ་ནན་མོ་བཏོན་ཏེ་རིམས་འགོག་གིས་ཞིང་ཕྱུགས་ལ་གནོད་པ་མི་ཐེབས་པ་དང་འགོག་སྡོམ་གྱིས་ཐོན་སྐྱེད་ལ་གནོད་པ་མི་ཐེབས་པར་བྱས།   ས་ཁུལ་སོ་སོའི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་།  ཧྲུའུ་ཅི་དང་པོ་དང་སྡེ་སྡོད་བྱ་བའི་རུ་ཁག་བཅས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་རོང་འབྲོག་ཁུལ་གྱི་རིམས་འགོག་བྱ་བ་བཟང་བོར་བསྒྲུབས་པ་དང་།   དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ཏེ་རོང་འབྲོག་མང་ཚོགས་ཀྱིས་ཉིང་སྐྱུར་བཤེར་འཇལ་དང་འགོག་སྨན་རྒྱག་པར་ཁྲིད་སྟོན་བྱས།   རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ་རིམས་འགོག་གྲུབ་འབྲས་སྲ་བརྟན་དུ་བཏང་།  ས་ཁུལ་སོ་སོའི་ཞིང་ཕྱུགས་སྡེ་ཁག་གིས་ལས་རེས་ལས་སྲུང་ལ་ཤུགས་སྣོན་པ་དང་།   ཆུ་བེད་དང་གནམ་གཤིས་སོགས་སྡེ་ཁག་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ་དུས་ཐོག་ཏུ་ཞིང་ལས་ཀྱི་གནས་ཚུལ་དང་ཉེན་ཁའི་གནས་ཚུལ།   གནོད་འཚེའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་རིགས་བགར་མཛུབ་སྟོན་ལ་ཤུགས་སྣོན་པ།   ཞིང་ས་དང་ཆུ་བེད།  དྲོད་ཁང་སོགས་ཀྱི་སྒྲིག་ཆས་ཀྱི་ཞིབ་བཤེར་ཤུགས་ཚད་ཆེ་རུ་གཏོང་བ། ལྷག་པར་དུ་ན་གོར་མོ་དང་ཐེམ་ཆེན་རྫོང་།  ཝུའུ་ལན་རྫོང་།   ཏུའུ་ལན་རྫོང་བཅས་ཀྱི་ཞིང་ཕྱུགས་ལས་ཐད་ཀྱི་གནོད་ཐེབས་གནས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུ་གཙོར་བཟུང་ནས་བཟང་བོར་སྒྲུབ་དགོས་པའི་སྐུལ་འདེད་བཏང་།

                                                                                                 ལྷ་མོ་ཚེ་རིང་གིས་བསྒྱུར།