མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་མ་དངུལ་ལས་གཞི་སུམ་བརྒྱ་ལྷག་ལག་བསྟར་བྱས་ནས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱས།
2022.09.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྔ་གཞུག་ཏུ་ནོར་སྲིད་འབྲེལ་མཐུད་སྒོས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་ས་ཡ་བཞི་འབུམ་བཞི་ཁྲི་གཉིས་བཏང་སྟེ་རིགས་སོ་སོའི་ལས་གཞི་སུམ་བརྒྱ་དང་ཞེ་བདུན་བཀོད་སྒྲིག་བྱས་ཤིང་། དེའི་ནང་དུ་ཐོན་ལས་འཕེལ་རྒྱས་རིགས་ཀྱི་ལས་གཞི་བརྒྱ་དང་གྱ་བཞི་ཡོད་པ་དང་། དེའི་ཐད་ལ་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ཁྲི་དགུ་བཏང་ལ། མ་དངུལ་བཏང་ཚད་ཀྱིས་བརྒྱ་ཆའི་ང་ལྔ་ཟིན། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རིགས་ཀྱི་ལས་གཞི་བརྒྱ་དང་བཅུ་བདུན་ཡོད་པ་དང་། དེའི་ཐད་ལ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་གསུམ་འབུམ་གཉིས་ཁྲི་གསུམ་བཏང་ལ། མ་དངུལ་བཏང་ཚད་ཀྱིས་བརྒྱ་ཆའི་སོ་དགུ་ལྷག་ཟིན། དཀའ་ཁག་ཆེ་བའི་མང་ཚོགས་ཀྱིས་བཀོལ་སྤྱོད་བྱེད་པའི་ཧྥའོ་ཉུང་མཐའ་འཚོང་ཇའི་ལས་གཞི་སོ་དགུ་ཡོད་པ་དང་། དེའི་ཐད་ལ་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་ལྔ་ཁྲི་ལྔ་བཏང་ལ། མ་དངུལ་བཏང་ཚད་ཀྱིས་བརྒྱ་ཆའི་གསུམ་ཟིན།

ལས་གཞི་དེ་དག་ལག་བསྟར་བྱས་རྗེས། མི་རིགས་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་བྱེད་པ་དང་། ཐོན་ལས་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པར་སྐུལ་འདེད་བཏང་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་འགྲོ་བ་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་རོགས་འདེགས་བྱེད་པར་ནུས་པ་ཆེན་པོ་བཏོན།

                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།