ཞིང་ཆེན་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་ཡིས་རྒྱུན་རྣམ་ཅན་གྱི་བརྙན་རིས་བཀོད་གཏོང་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱས།
2022.09.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་དགུ་པའི་ཚེས་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བརྒྱད་པའི་ཚུན་ལ། རང་ཞིང་དུ་རྒྱུན་མཐུད་སྒོས་ཆར་བ་དྲག་པོ་བབས་ནས་གྲོང་ཁྱེར་དང་ཁུལ་སྐོར་ཞིག་ལ་ཚད་མི་འདྲ་བའི་གནོད་འཚེ་ཐེབས། ཞོད་འགོག་བྱ་བར་དམིགས་ཏེ། ཞིང་ཆེན་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་ཡིས་རྒྱུན་རྣམ་ཅན་གྱི་བརྙན་རིས་བཀོད་གཏོང་བྱས་པ་དང་། ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་ཡང་བསྐྱར་ལས་ཁུངས་དང་ས་ཁུལ་གཙོ་བོ་རྩ་འཛུགས་བྱས་ནས་བརྙན་རིས་བཀོད་གཏོང་བྱས་ནས། ལས་ཁུངས་སོ་སོས་བྱ་བ་སྒྲུབ་པའི་གནས་ཚུལ་ལ་ཉན་པ་དང་། ས་གནས་སོ་སོའི་གནམ་གཤིས་དང་ཞོད་འགོག ས་གཤིས་གནོད་འཚེ་སོགས་བདེ་འཇགས་དོགས་ཟོན་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།

ཞིང་ཆེན་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་ཡིས་ས་གནས་སོ་སོ་དང་ལས་ཁུངས་དང་སྡེ་ཁག་སོ་སོས་ཞིང་ཆེན་གྱི་འགོ་ཁྲིད་པའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལྟར། ཆར་ཆུ་འབབ་པའི་བསྡུར་ཚད་ཀྱི་གཞི་གྲངས་ལ་དབྱེ་ཞིབ་བྱེད་པ་དང་ས་གཤིས་གནོད་འཚེ་ཐེབས་སྲིད་པར་སྔོན་དཔག་བརྡར་གཅོད་བྱེད་པ། ཉེན་ཁར་ཞིབ་བཤེར་བྱེད་པ་དང་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། དུས་ཐོག་ཏུ་ས་གནས་གཞན་ལ་སྤོར་བའི་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ། ཏན་ཏིག་དང་ཞིབ་ཕྲ་སྒོས་ཉེ་བའི་དུས་སྐབས་ཀྱི་དོགས་ཟོན་བྱ་བ་གཙོ་བོ་དངོས་འབེབས་བྱེད་དགོས། ཆུ་ལོག་བརྒྱུགས་པ་དང་རིམས་ནད་འགོས་ཁྱབ་ཏུ་འགྲོ་བ། གནོད་འཚེ་མང་བ་སོགས་བསྣོལ་མར་འདྲེས་ནས་ཡང་བསྐྱར་གནོད་འཚེ་ཐེབས་སྲིད་པ་གཞིར་བཟུང་ནས། རང་སྐྲུན་ཁང་བ་སོགས་ཁྱབ་ཁོངས་གཙོ་བོའི་བདེ་འཇགས་ཉེན་ཁར་ཞིབ་བཤེར་ནན་མོ་བྱེད་པ་དང་། དཔེ་མཚོན་དོན་རྐྱེན་དང་གནོད་འཚེ་ཐེབས་པའི་བསླབ་བྱ་དང་ལེན་བྱས་ནས། བྱེ་བྲག་གི་ལེགས་སྒྱུར་བྱེད་ཐབས་གཏན་འཁེལ་བྱེད་དགོས།

                                                                                                   བཀྲ་ཤིས་འབུམ་གྱིས་བསྒྱུར།