ཟི་ལིང་གྲོང་ཁྱེར་གྱིས་ཤུགས་ཆེན་པོས་རིམས་ནད་འགོག་སྡོམ་སྐབས་སུ་དཀའ་ཁག་ཆེ་བའི་མང་ཚོགས་ལ་རོགས་སྐྱོར་འགན་སྲུང་བྱ་བ་བཟང་བོར་བསྒྲུབས། 
2022.09.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

རིམས་ནད་འགོག་སྡོམ་སྐབས་ཀྱི་དམངས་ཚིས་འགན་སྲུང་བྱ་བ་བཟང་བོར་སྒྲུབ་ཆེད། ཟི་ལིང་གྲོང་ཁྱེར་དམངས་སྲིད་ཅུའུ་ཡིས་བརྒྱ་ཆའི་བརྒྱ་ལྔའི་རྣམ་པ་བེད་སྤྱོད་གང་ལེགས་བྱས་ཤིང་། ཁ་པར་དང་སྐད་འཕྲིན་སོགས་ལ་བརྟེན་ནས། ས་ཁོངས་རང་གི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ཁྱིམ་ཚང་ལ་རྩད་ཞིབ་བྱས་ཏེ་གཞི་རྩའི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། དཀའ་ཁག་དང་དགོས་མཁོ་ཅི་ཡོད་གསལ་བོར་ཤེས་པར་བྱས་ཏེ། སྐད་འཕྲིན་སོགས་ལ་བརྟེན་ནས་རོགས་སྐྱོར་ལ་དྲ་ཐོག་ནས་དཔྱད་ཞིབ་དང་ཆོག་མཆན་འགོད་པ་མངོན་འགྱུར་བྱས་པ་དང་། སྔོན་ལ་རོགས་སྐྱོར་གྱི་གྲས་སུ་བཞག་ནས་རྗེས་སུ་ཆོག་མཆན་འགོད་པའི་རྩ་དོན་གཞིར་བཟུང་ཐོག་འབྲེལ་ཡོད་འགྲོ་ལུགས་རྗེས་སུ་ཁ་གསབ་བྱེད་པའི་ཐབས་སྤྱད་དེ། སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་རོགས་སྐྱོར་ཐོབ་པར་འགན་སྲུང་བྱས། 

སྤྱི་ཚོགས་རོགས་སྐྱོར་དེ་འགན་སྲུང་ཚད་གཞི་དང་དངོས་གོང་འཕར་བར་ཟུང་སྦྲེལ་བྱེད་པའི་མཉམ་འབྲེལ་རྐྱེན་སྲོལ་དངོས་འབེབས་གང་ལེགས་བྱས་ཏེ། ཟླ་དགུ་པའི་ཚེས་གཉིས་ཉིན་བར། ཟི་ལིང་གྲོང་ཁྱེར་གྱིས་གནས་སྐབས་ཀྱི་དངོས་གོང་ཁ་གསབ་སྒོར་འབུམ་དགུ་དང་ཁྲི་བདུན་སྟོང་དྲུག་དྲུག་བརྒྱ་བྱིན་པ་དང་། སྟེར་ཐེངས་གཅིག་གི་འཚོ་བའི་ཁ་གསབ་སྒོར་ས་ཡ་བརྒྱད་དང་འབུམ་གསུམ་ཁྲི་གཉིས་ཉིས་བརྒྱ་བྱིན། མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་ཡོང་འབབ་དམའ་བ། དབུལ་ཕོངས་རྒན་གསོའི་ཁྱིམ་ཚང་བཅས་བརྒྱ་དང་ཉེར་བཞིར་རིན་ཐང་སྒོར་མོ་ཉིས་བརྒྱའི་འཚོ་བའོ་མཁོ་དངོས་བྱིན་ཡོད་ལ། སྒོར་མོ་བཀུག་ན་སྒོར་ཁྲི་གཅིག་དང་སྟོང་གཉིས་དྲུག་བརྒྱ་རེད། རིམས་ནད་དབང་གིས་ཟི་ལིང་ནས་ལུས་པའི་ཕྱི་ཡོང་མི་སྣ་བདུན་ལ་རོགས་སྐྱོར་མ་དངུལ་སྒོར་སྟོང་བདུན་དང་བཞི་བརྒྱ་བྱིན། དེ་ལས་གཞན་གྲོང་ཁྱེར་ཡོངས་ཀྱི་རྒན་གསོ་ཁང་ཉེར་གཉིས་ལ་འགོག་སྡོམ་དོ་དམ་ལག་བསྟར་བྱས་པ་དང་། ད་ཡོད་ཀྱི་བརྡ་འཕྲིན་སྟེགས་བུར་བརྟེན་ནས་ས་ཁོངས་རང་གི་རྒན་པར་འཚམས་འདྲིའི་ཁ་པར་བཏང་། གཙོ་བོ་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་ཁྱིམ་དུ་བཀག་པའི་རྒན་རྒོན་ཁེར་འདུག་དང་ཁྱིམ་མི་ལོག་བཀར་བྱས་པའི་བདག་མེད་རྒན་རྒོན། གནས་སྐབས་སུ་བདག་སྐྱོང་བྱེད་མཁན་མེད་པའི་ཁྱིམ་སྡོད་རྒན་རྒོན་བཅས་རྩད་ཞིབ་བྱས་པ་དང་། བརྩེ་སེམས་ཞབས་ཞུ་འབུལ་བའི་ཐོ་ཡིག་ལས་ནས་གཞི་རྩི་གནས་ཚུལ་ཚང་མ་རྒྱུས་ལོན་གསལ་བོ་བྱུང་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།