མཚོ་སྔོན་གྱི་ཡུལ་ཚོ་དང་སྡེ་བ་སོ་བདུན་ཀྲུང་གོའི་མཛེས་སྡུག་ལྡན་པའི་ཡུལ་ཚོ་དང་སྡེ་བའི་མིང་ཐོའི་ཁྲོད་དུ་ཚུད།
2022.09.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་དགུ་པའི་ཚེས་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུན་ལོན་བྱུང་བ་ལྟར་ན། ཉེ་ལམ། ཞིང་ལས་ཞིང་སྡེ་པུའུ་ཡིས་ཁྱབ་སྒྲོག་བྱས་པའི་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་གོའི་མཛེས་སྡུག་ལྡན་པའི་ཡུལ་ཚོ་དང་སྡེ་བ་གཏན་འཁེལ་དང་མཚམས་སྦྱོར་བྱས་པའི་མིང་ཐོའི་ཁྲོད་དུ། མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་གྱི་མཐུན་སྒྲིལ་སྡེ་བ་དང་། མདོ་ལ་རྫོང་པ་པོ་གྲོང་བརྡལ་ཁྲ་གཟེབ་ལུང་སྡེ་བ།   ཕེན་ཨན་ས་ཁུལ་ཀུའུ་ཁྲིན་ཡུལ་ཚོ་ཧྲི་པུས་སྡེ་བ། མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐེན་གྲོང་རྡལ་ལ་ཅ་སྡེ་བ། གཅན་ཚ་རྫོང་གཅན་ཚ་ཐང་ཡུལ་ཚོའི་གླེ་གཞུག་སྡེ་བ་བཅས་ཚུད་ཡོད། མིག་སྔའི་བར་དུ་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ལས་ཞིང་སྡེ་པུའུ་ཡིས་གཏན་འཁེལ་མཚམས་སྦྱོར་བྱས་པའི་ཀྲུང་གོའི་མཛེས་སྡུག་ལྡན་པའི་ཡུལ་ཚོ་དང་སྡེ་བ་བསྡོམས་པས་སོ་བདུན་ལ་སླེབས་ཡོད།

མཚོ་སྔོན་ཞིང་ཆེན་དུ་མཛེས་སྡུག་ལྡན་པའི་ཞིང་ལས་དང་ཡུལ་ཚོ་དང་སྡེ་བའི་གནས་སྐོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བའི་བརྒྱུད་རིམ་ཁྲོད་དུ། ས་གནས་སོ་སོས་མུ་མཐུད་དུ་འཕེལ་རྒྱས་ཀྱི་རྣམ་པ་གསར་སྐྲུན་བྱས་པ་དང་འཕེལ་རྒྱས་ཁྱབ་ཁོངས་ཀྱི་རྒྱ་བསྐྱེད་པས། ཐོན་ལས་ཁྱད་ཆོས་འབུར་དུ་ཐོན་པ་དང་སྡེ་བའི་ཁོར་ཡུག་ལེགས་ཤིང་། ཡུལ་སྲོལ་ལ་དཔལ་ཡོན་འཆམ་མཐུན་ལྡན་པ་དང་། མང་ཚོགས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པའི་མཛེས་ལྡན་ལྡན་པའི་ཡུལ་ཚོ་དང་སྡེ་བ་གང་མང་བྱུང་། ཡུལ་ཚོ་དང་སྡེ་བ་དེ་དག་འཕེལ་རྒྱས་སུ་སོང་བ་དེས་རྣམ་པ་ལེགས་པའི་ཞིང་ལས་ཀྱི་ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བཅས་ཀྱི་ནུས་པ་ཇེ་ཆེར་བཏང་བ་དང་། ཁུལ་ཁོངས་མང་པོ་ལེགས་སྒྱུར་བྱས་པར་མ་ཟད། ཐོན་ལས་སྐོར་ཞིག་འཕེལ་རྒྱས་སུ་སོང་བ་དང་། འཛད་སྤྱོད་དགོས་མཁོ་རྒྱ་བསྐྱེད་ཅིང་མང་ཚོགས་སྐོར་ཞིག་ཕྱུག་པོར་འགྱུར་བར་སྣེ་ཁྲིད་བྱས། ཡུལ་ཚོ་དང་སྡེ་བ་མཛེས་སྡུག་ཅན་དུ་སྒྱུར་སྐབས། རིག་གནས་ནང་དོན་སྔོན་འདོན་བྱེད་པ་དང་སྡེ་བའི་ཕྱི་ནང་གི་བཀོད་པ་ལེགས་སྒྱུར་བྱེད་པར་ཡིད་འཇོག་བྱས་པར་མ་ཟད། མིང་གྲགས་ཐོན་རྫས་གསོ་སྐྱོང་བྱེད་པ་དང་དཔེ་མཚོན་ཆགས་པར་བྱེད་པ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་ཡིད་འཇོག་བྱས།

                                                                                                           བཀྲ་ཤིས་འབུམ་གྱིས་བསྒྱུར།