
ཟི་ལིང་གྲོང་ཁྱེར་རིམས་འགོག་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།
(ཨང194པ)
ཟླ9པའི་ཚེས1ནས་ཚེས4ཉིན་བར། ཟི་ལིང་གྲོང་ཁྱེར་དུ་སྤྱི་ཚོགས་ངོས་ནས་བསྟུད་མར་ཉིན4ལ་གདགས་གཤིས་ཅན་གཅིག་ཀྱང་མ་བྱུང་།
རྒྱ་ཆེའི་མང་ཚོགས་ཀྱིས་རང་འགུལ་གྱིས་ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲེལ་ཡོད་རིམས་འགོག་གཏན་འབེབས་བརྩི་སྲུང་བྱས་ཏེ། ཉིང་སྐྱུར་བརྟག་དཔྱད་ལ་ཞུགས་དགོས་པ་དང་། པྲོག་གསར་འགོག་ཁབ་རྒྱག་དགོས། གཞིས་ཁུལ་དང་ཚོང་ར། ཚོང་ཁང་སོགས་དང་། སྤྱི་སྤྱོད་རླངས་འཁོར་སོགས་ལ་འདུག་དུས་རང་འགུལ་གྱིས་ཚ་དྲོད་འཇལ་བ་དང་། བཤེར་རིས་གཉིས་སྟོན་པ་སོགས་རིམས་འགོག་བླང་བྱ་བརྩི་སྲུང་བྱ་དགོས། དུས་མཉམ་དུ་རང་གི་ལུས་ཕུང་བདེ་ཐང་གི་འགན་ཁུར་བ་དང་པོ་བྱས་ཏེ། འགོག་ཟོན་འདུ་ཤེས་མཐོར་འདེགས་བྱ་དགོས། དོན་མེད་དུ་ཕྱིར་མི་འགྲོ་ཞིང་འདུ་འཛོམས་མི་བྱེད་པ། དཀྲོག་གཏམ་ལ་མི་ཉན་པ། དཀྲོག་གཏམ་མི་བཤད་པ། ཁ་ལག་གཙང་མར་བཀྲུ་ཞིང་། རླུང་རྒྱུ་རུ་འཇུག་པ། རྨིད་གཅིག་གི་བར་ཐག་བཞག་ནས་རང་ཉིད་ཀྱི་འགོག་སྲུང་ལེགས་པོར་བྱེད་དགོས།
ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ།
2022ལོའི་ཟླ9པའི་ཚེས5ཉིན།