ཟི་ལིང་གྲོང་ཁྱེར་རིམས་འགོག་བཀོད་འདོམས་པུའུ་ཡི་བརྡ་ཁྱབ། (ཨང193པ)
2022.09.05 ཁུངས། ཟི་ལིང་དགོང་དྲོའི་ཚགས་པར། ཀློག་གྲངས། 27

ཟི་ལིང་གྲོང་ཁྱེར་རིམས་འགོག་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།

(ཨང193པ)

ཟི་ལིང་གྲོང་ཁྱེར་དུ་ནད་རྟགས་མེད་པའི་ནད་པ14བྱུང་།

2022ལོའི་ཟླ9པའི་ཚེས4ཉིན་གྱི་ཆུ་ཚོད0ནས24བར། ཟི་ལིང་གྲོང་ཁྱེར་དུ་ནད་རྟགས་མེད་པའི་ནད་པ14བྱུང་། དེའི་ཁྲོད་ཀྱི་ནད་པ2བོད་ལྗོངས་ནས་མེ་འཁོར་ལ་བསྡད་དེ་ཟི་ལིང་བརྒྱུད་སྐབས་འགྲུལ་བའི་གྲས་ནས་ཤེས་རྟོགས་བྱུང་ལ། གཞན12པོ་གཅིག་བསྡུས་ལོགས་བཀར་ས་ཚིགས་ནས་ཤེས་རྟོགས་བྱུང་བ་ཡིན་ཞིང་། གཏན་ཁེལ་སྨན་ཁང་དུ་བསྐྱལ་ཟིན།

གོང་གི་ནད་རྟགས་མེད་པའི་ནད་དུག་འགོས་མཁན་ལ་འབྲེལ་འདྲིས་ཟབ་མོ་བྱུང་མཁན་རྣམས་ལ་དུས་མཉམ་དུ་འགོག་སྡོམ་བྱེད་ཐབས་སྤྱད་ཡོད།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ།

2022ལོའི་ཟླ9པའི་ཚེས5ཉིན།