མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་རྒྱུན་མཐུད་སྒོས་ཞོད་འགོག་གནོད་སེལ་རྒུབ་སྐྱོབ་བྱ་བ་བཟང་བོར་བསྒྲུབས།
2022.09.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དགུ་པའི་ཚེས་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཞོད་འགོག་གཞུང་སྒྲུབ་ཁང་དང་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ཉིན་རེར་ཞིང་ཆེན་རིམ་པའི་འགོ་ཁྲིད་པས་རེས་སྐོར་བཀོད་གཏོང་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། དུས་ཐོག་ཏུ་གནམ་གཤིས་གནས་ཚུལ་ལ་དབྱེ་ཞིབ་བརྡར་གཅོད་དང་ཁྱབ་སྒྲོག་བྱས་ལ། ཁ་པར་གྱིས་ཐད་ཀར་དུ་ཡུལ་ཚོ་དང་གྲོང་རྡལ་གཙོ་བོའི་འགན་འཁུར་བློ་མཐུན་ལ་འབྲེལ་འདྲིས་བྱས་ནས་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཐད་ཀར་དུ་གཞི་རིམ་འགན་འཁུར་པར་འབྲེལ་འདྲིས་བྱེད་པའི་རྐྱེན་སྲོལ་ལ་ལྟ་སྐུལ་བྱས་པ་དང་། མགྱོགས་མྱུར་སྒོས་མང་ཚོགས་རྩ་འཛུགས་བྱས་ཏེ་ཉེན་གཡོལ་གནས་སྤོར་བྱས་ལ། རྒྱུན་མཐུད་སྒོས་ཉེན་ཁར་ཞིབ་བཤེར་དང་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ཞིང་དུས་ཚོད་ཉེར་བཞིའི་ལས་རེས་གཏན་སྲུང་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། དུས་ངེས་མེད་དུ་རྒུད་སྐྱོབ་སྟོབས་ཤུགས་དང་དངོས་རྫས་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབས་པར་མ་ཟད། ཏན་ཏིག་ནུས་ལྡན་སྒོས་ཞོད་འགོག་རྒུད་སྐྱོབ་བྱ་བ་སྣ་ཚོགས་གང་ལེགས་སྒོས་བསྒྲུབས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བཟང་བོ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བརྒྱད་པའི་ཚུན་ལ། ཞིང་ཆེན་ཡོངས་སུ་བསྡོམས་པས་གནམ་གཤིས་གནོད་འཚེ་ཉེན་བརྡ་དང་སྔོན་བརྡ་ཐེངས་སྟོང་གཅིག་དང་དྲུག་བརྒྱ་ལྷག་ལ་བཏང་བ་དང་། རིགས་སོ་སོའི་འཕྲལ་བསྟུན་སྦྱོང་བརྡར་ཐེངས་བརྒྱ་དང་དགུ་བཅུ་ལྷག་སྤེལ་ལ། རིགས་ཆེན་པོ་ལྔའི་དངོས་རྫས་སྣ་ཁ་འབུམ་བཞི་ལྷག་གསོག་འཇོག་བྱས་པ་དང་། གཞི་རིམ་ཞོད་འགོག་རྒུད་སྐྱོབ་དཔུང་སྡེ་བརྒྱ་དང་བརྒྱད་དང་མི་སྟོང་གསུམ་དང་ཉིས་བརྒྱ་དང་བཞི་བཅུ་བཀོད་སྒྲིག་བྱས་ལ།  ཕྱོགས་བསྡུས་མེ་གསོད་རྒུད་སྐྱོབ་དང་ཆུ་བེད་ཆེད་ལས་མྱུར་སྐྱོབ་སོགས་འཕྲལ་བསྟུན་མྱུར་སྐྱོབ་རྒུད་སྐྱོབ་དཔུང་སྡེ་གྲ་སྒྲིག་བྱས་པ་དང་། གཞི་རིམ་དུ་ལས་བྱེད་པ་ཁྲི་གསུམ་དང་སྟོང་གསུམ་མངགས་པ་དང་། དུས་ཐོག་ཏུ་ཉེན་ཁ་ཆེ་བའི་ས་ཁུལ་དུ་མང་ཚོགས་ཁྲི་བརྒྱད་དང་སྟོང་དགུ་ལྷག་གནས་སྤོར་བྱས་ནས་ཚད་མཐོན་པོས་མི་སྣ་ཤི་རྨས་བྱུང་ཚད་ཇེ་ཉུང་དང་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་ཚད་ཇེ་ཆུང་དུ་བཏང་།

                                                                                                  བཀྲ་ཤིས་འབུམ་གྱིས་བསྒྱུར།