མཚོ་སྔོན་ཞིང་ཆེན་གྱིས་གཞུང་བཙུགས་སློབ་གྲྭ་ཆུང་འབྲིང་དུ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་སློབ་གཙོའི་འགན་ཁུར་ལམ་ལུགས་ཀྱི་བྱ་བ་སྤེལ་འགོ་བརྩམས།
2022.09.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཉེ་སྔོན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་གཞུང་སྒྲུབ་ཁང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་བཅས་ལས་ཁུངས་བཞི་ཡིས་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་སློབ་གྲྭ་ཆུང་འབྲིང་དུ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་སློབ་གཙོའི་འགན་ཁུར་ལམ་ལུགས་ལག་བསྟར་བྱེད་པའི་སྐོར་གྱི་ལག་བསྟར་ཚོད་ལྟའི་ཇུས་གཞི་འགྲེམ་སྤེལ་བྱས་ཏེ། 2022ལོའི་ལོ་སྨད་དུ་ཞིང་ཆེན་ཡོངས་ཀྱི་གཞུང་བཙུགས་སློབ་གྲྭ་ཆུང་འབྲིང་དུ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་སློབ་གཙོའི་འགན་འཁུར་ལམ་ལུགས་ཚོད་ལྟ་བྱེད་ས་འཛུགས་རྒྱུའི་འཆར་གཞི་བཀོད།

ཇུས་གཞིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རེ་བ་ཚད་གཞིར་བྱས་པ་དང་། རིམ་པ་བགོས་ནས་ལག་བསྟར་བྱེད་པ་དང་རིགས་བགར་ནས་མཛུབ་སྟོན་བྱེད་པ། ས་བབ་དང་བསྟུན་པ། བརྟན་འཇགས་དང་སེམས་ཆུང་སྒོས་སྤེལ་བའི་རྩ་དོན་ལྟར། ས་ཆ་གཅིག་ལ་ཇུས་གཞི་གཅིག་དང་སློབ་གྲྭ་གཅིག་ལ་ཇུས་གཞི་གཅིག་ཡོད་པ་རྒྱུན་འཁྱོངས་བྱེད་པ་དང་། གཅིག་ལེགས་འགྲུབ་བྱུང་རྗེས་གཅིག་ལེགས་སྒྲིག་བྱེད་པ། སྤྱིའི་ཆ་ནས་སྔོན་དུ་ཚོད་ལྟ་བྱེད་སའི་མཐིལ་རྟོགས་པར་བྱེད་པ་དང་ཏང་དོན་ལས་ཁུངས་འཛུགས་པ། ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པའི་དུས་རིམ་བཞི་གཞིར་བཟུང་ནས་བྱ་བ་སྤེལ་བ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་དེ་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དུ་མཐའ་གཅིག་ཏུ་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱས་ནས། མི་དམངས་ཡིད་ཚིམ་པའི་སློབ་གསོ་སྒྲུབ་པ་དང་། ཁྱོན་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྒྱུད་འཛིན་པ་སྐྱེད་སྲིང་བྱེད་པའི་ཐད་ཆབ་སྲིད་ཀྱི་འགན་སྲུང་དང་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས2022ལོའི་ལོ་སྨད་དུ་ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་ཡོངས་དང་གྲོང་ཁྱེར་དང་ཁུལ་དྲུག་ནས་མཚོན་བྱེད་རང་བཞིན་ལྡན་པའི་རྫོང་དང་གྲོང་ཁྱེར། ཆུའུ་སྐོར་ཞིག་དང་གྲོང་ཁྱེར་དང་ཁུལ་གཏོགས་སློབ་གྲྭ་ཆུང་འབྲིང་གཅིག་དང་ཡང་ན་གཉིས་བདམས་ནས་ཚོད་ལྟའི་བྱ་བ་སྤེལ་རྒྱུ་ཡིན་པ་དང་། 2023ལོའི་ཟླ་བདུན་པའི་སྔོན་དུ་ཏང་རྩ་འཛུགས་དེ་ཏང་ཨུ་དང་ཏང་སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དུ་བསྒྱུར་བའི་སློབ་གྲྭ་ཆུང་འབྲིང་ཡོད་ཚད་དུ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་སློབ་གཙོའི་འགན་ཁུར་ལམ་ལུགས་ལག་བསྟར་བྱེད་ཐུབ་པར་བྱ་རྒྱུ་ཡིན་པ་མ་ཟད། བྱ་བའི་ཚན་ཁག་འཛུགས་པ་དང་། དུས་བཅད་ལྟར་སྙན་ཞུ་བྱེད་པ་དང་དུས་བཀག་ལྟར་བཀོད་གཏོང་བྱེད་པའི་ལམ་ལུགས་བཙུགས་ཏེ། ཕན་འབྲས་ལྡན་པ་དང་གོ་རིམ་ལྡན་པ། ཤུགས་ལྡན་པའི་སྒོ་ནས་བྱ་བ་བཟང་བོར་སྤེལ་རྒྱུའི་འཆར་གཞི་བཟོས་ཡོད།