ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ནས་ཚོང་ཁང་ལྔ་བརྒྱ་དང་ཞེ་གཅིག་གིས་ཚོང་གཉེར་སླར་གསོ་བྱས་ཡོད། 
2022.09.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

བསྟུད་མར་ཉིན་འགའི་རིང་ལ། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་གྱི་ཚོང་རའི་ལྟ་རྟོག་དོ་དམ་ཅུའུ་ཡིས་ཐོན་ལས་སླར་གསོ་བྱེད་པའི་བྱ་བའི་ཆེ་ཕྱོགས་ལ་དམིགས་ཏེ་དྲ་མིག་ཅན་གྱི་ལྟ་རྟོག་དོ་དམ་རྐྱེན་སྲོལ་དངོས་འབེབས་བྱས་ཐོག་ཚོང་གཉེར་སླར་གསོ་བྱེད་པའི་ཚོང་ཁང་དག་ལ་ཉིན་རེ་བཞིན་ཡོངས་ཁྱབ་ཏུ་སྐོར་ཞིབ་བྱས་ནས། ལས་རིགས་གཙོ་བོའི་ལས་གཉེར་མི་སྣས་ཉིན་རེར་ཉིང་སྐྱུར་ཐེངས་རེར་བརྟག་པ་དང་། ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡིན་པའི་དཔང་ཡིག་ལ་བརྟེན་ནས་ལས་གནས་ལ་ཞུགས་པར་སྐུལ་མ་བཏང་། དེའི་ཞོར་དུ་བཟའ་བཏུང་དང་སྨན་རྫས་ཚོང་ཁང་། མྱུར་སྐྱེལ་ལས་རིགས་བཅས་ཀྱི་ལྟ་རྟོག་ཞིབ་བཤེར་ལ་ཤུགས་སྣོན་བྱས་པ་དང་། རེ་རེ་བཞིན་དུ་སྒོ་རྩར་སོང་ནས་སྐོར་ཞིབ་དང་མཛུབ་སྟོན་བྱས་ཏེ་ཐོན་ལས་སླར་གསོ་བྱེད་པར་སྐུལ་འདེད་བཏང་། 

རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དགུ་པའི་ཚེས་ལྔ་ཉིན། མཁར་དཀྱིལ་ཁུལ་གྱི་རིགས་སྣ་ཚོགས་ཀྱི་ཚོང་ཁང་ལྔ་བརྒྱ་དང་ཞེ་གཅིག་གིས་ཚོང་གཉེར་བཞིན་ཡོད་པ་དང་། དེའི་ནང་ཚོང་ར་གཙོ་བོ་ཉེར་གཅིག་དང་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཚོང་ར་བཅུ། གཞིས་ཁུལ་གྱི་སྟབས་བདེ་ཚོང་ཁང་དང་སྔོ་ཚལ་ཚོང་ཁང་ཉིས་བརྒྱ་དང་ཞེ་དྲུག ཤ་འཚོང་ས་རེ་གཅིག འབྲུ་སྣུམ་དང་གོ་རེ་རིགས་འཚོང་ས་དོན་གཅིག སྨན་རྫས་ཚོང་ཁང་གོ་ལྔ། དེ་མིན་ལས་རིགས་གཞན་པའི་ཚོང་ཁང་ཞེ་བཞི་བཅས་འདུས། རིགས་སྣ་ཚོགས་ཀྱི་ཚོང་ཁང་གཙོ་བོ་དག་གིས་རིམ་བཞིན་གོ་རིམ་ལྡན་པའི་ངང་ཚོང་གཉེར་སླར་གསོ་བྱེད་བཞིན་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།